དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་རིགས་གཅིག་མཁས་ཅན་གྱིས་བརྗོད་དོན།

    གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་རུང་བའི་ནུས་རྒྱུའི་ཁྱབ་ཁོངས་སུ་ཀྲུང་གོས་མིག་དཔེ་བསྟན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-01-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་མཐོ་རིམ་དབྱེ་ཞིབ་པ་ཧའེ་སྨི·པ་ཧར་གྱིས། ཀྲུང་གོ་འདི་ཉིད་བསྐྱར་སྐྱེས་རུང་བའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་འགོ་ཁྲིད་མཁན་ལ་གྱུར་ཏེ། ཀྲུང་གོའི་བསྐྱར་སྐྱེས་རུང་བའི་ནུས་རྒྱུའི་ཐོན་ནུས“སྔར་བྱུང་མྱོང་མེད་པའི”མྱུར་ཚད་ཐོག་ནས་འཕར་བཞིན་ཡོད། དེས་ཀྲུང་གོ་ཙམ་མ་ཟད། འཛམ་གླིང་ལའང་ཕན་པ་བསྐྲུན་ཡོད་པས། ཀྲུང་གོར་ཐོབ་པའི་གྲུབ་འབྲས་ནི“འཛམ་གླིང་ཡོངས་ཀྱི་མིག་དཔེར”གྱུར་ཡོད་ཅེས་བརྗོད།

    ཉིན་ཤས་གོང་། པ་ཧར་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཉི་ནུས་འོད་ཤུགས་ལྷུ་ལག་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཡིན་པས། གོ་ལ་ཧྲིལ་པོའི་ལྷུ་ལག་80%ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད། འདས་ཟིན་པའི་ལོ་བཅུའི་རིང་ཉི་ནུས་ལྷུ་ལག་གི་རིན་གོང་80%ཡན་ཆག་རྒྱུར་སྐུལ་འདེད་ཐུབ་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཉི་ནུས་འོད་ཤུགས་བཀོད་སྒྲིག་བྱེད་རྒྱ་ཆེ་རུ་གཏོང་བར་ཕན་པ་བསྐྲུན་ཡོད་ཅེས་བརྗོད།

    པ་ཧར་གྱིས། འཛམ་གླིང་ས་ཆ་གཞན་གྱི་འོད་ཤུགས་ལྷུ་ལག་བཟོ་བའི་མ་གནས་ཀྲུང་གོ་ལས་མཐོ་བ་ཡོད། 2023ལོར་ཨ་རིས་ཤེལ་མང་ཀུའེ་རྒྱུའི་འོད་ཤུགས་ཀྱི་ལྷུ་ལག་གཅིག་བཟོ་བའི་མ་གནས་ཚོད་རྩིས་བྱས་ན་ཀྲུང་གོ་ལས་30%ཡིས་མཐོ་བ་དང་། རྒྱ་གར་གྱི་ལྷུ་ལག་བཟོ་བའི་མ་གནས་ཀྲུང་གོ་ལས་10%ཡིས་མཐོ་བ། ཡོ་རོབ་མནའ་འབྲེལ་གྱི་ལྷུ་ལག་བཟོ་བའི་མ་གནས་ཀྲུང་གོ་ལས་60%ཡིས་མཐོ་བ་བཅས་ཡོད་ཅེས་བརྗོད།

    ཚེས་11ཉིན་རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་ཡོངས་བསྒྲགས་བྱས་པའི《2023ལོའི་བསྐྱར་སྐྱེས་རུང་བའི་ནུས་རྒྱུའི》ལོ་འཁོར་གྱི་ཁྲོམ་རའི་སྙན་ཞུ་ལས་མངོན་གསལ། 2023ལོར་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་རུང་བའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་མང་དུ་ཕྱིན་པ་དེ་ལོ་གོང་མ་ལས་50%དང་། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཅི་ཝ་510མང་དུ་ཕྱིན་པ་དང་། དེའི་ཁྲོད་ཉི་ནུས་འོད་ཤུགས་ཀྱིས་བཞི་ཆ་གསུམ་བཟུང་ཡོད། 2023ལོར་ཀྲུང་གོའི་བསྐྱར་སྐྱེས་རུང་བའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཏེ། ལོ་དེར་ཀྲུང་གོའི་རླུང་ནུས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་མང་དུ་སོང་བ་དེ་ལོ་གོང་མ་ལས་66%འཕར་བ་དང་། ལོ་དེར་ཀྲུང་གོའི་ཉི་ནུས་འོད་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་མང་དུ་ཕྱིན་དེ་ལོ་གོང་མར་གོ་ལ་ཧྲིལ་པོར་ཉི་ནུས་འོད་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་མང་དུ་སོང་བ་དང་མཚུངས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།