དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲི་རུ་རྫོང་གིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་དོན་བྱ་ཐབས་སྤྱད་ནས་མང་ཚོགས་ཀྱི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

     བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས“གཞི་རིམ་དུ་སྐྱོད་པ་བཞི”སློབ་སྦྱོང་དང་ལག་བསྟར་གྱི་སྲོལ་རྒྱུན་བཟང་པོ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས“སེམས་ལ་གནས་པ”ནས“དམངས་སེམས”ལ་ཟུག་པ་དང“དངོས་སྒྲུབ”ནས“གྲུབ་འབྲས་དངོས”ཐོན་པའི་བར་འགྱུར་ལྡོག་ཡོང་བར་བྱས་ཡོད།

    མང་ཚོགས་ཁྲོད་དུ་བསྐྱོད་དེ་ཏང་གི་གསུང་སྒྲས་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་བྱས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་མཐའ་འཁྱོངས་བྱས་པའི་ཁར་འཕྲལ་སྡོམ་གྱི་རླུང་འཕྲིན་ལས་སྟེགས་དང་རྒྱང་ཁྲིད་སློབ་གསོའི་ས་ཚིགས་སོགས་གཡུལ་ས་ཆུང་ངུ་གང་ལེགས་སྤྱད་པ་དང་“ཏང་གི་སློབ་ཚན་ཆུང་ངུ”དང་དཔེ་ཀློག་མཉམ་སྤྱོད་ཀྱི་འདུ་ཚོགས་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལས་ཁུངས་དང་། ཁེ་ལས། ཞིང་འབྲོག་ཁུལ། སློབ་གྲྭ སྡེ་ཁུལ། དགོན་སྡེ་བཅས་སུ་ཁྱབ་སྤེལ་བཏང་བས། ཏང་ཡོན་མང་ཚོགས་ཀྱིས་ག་དུས་ཡིན་ཡང་ཁྱིམ་གྱི་སྒོ་རྩ་ནས་སློབ་ཚན་ཉན་ཐུབ་ཀྱི་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱིས་ཁྱོན“སྒོ་རྩར་སློབ་ཁྲིད”བྱེད་སྒོ་ཐེངས་688སྤེལ་བར་མང་ཚོགས་མི་ཐེངས་ཁྲི་1.25ལ་སློབ་གསོ་ཐོབ་ཡོད།

    འགྲོ་ནུས་དེ་འཇོན་ཐང་ལ་འགྱུར་བ་བྱས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས“དམངས་ཀྱི་འདོད་འདུན་དང་མཐུན་པར”བྱས་པ། ནོར་ཤུགས་ཆུང་ངུར་བརྟེན་ནས་དམངས་འཚོ་ཆེན་པོ་ཡག་པོ་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་དངུལ་སྒོར་ཁྲི་70ལྷག་ཙམ་བཏང་ནས་ཆུ་གཙང་བཟོའི་སྒྲིག་ཆས་148ལྷག་ཙམ་ཐག་གཅོད་བྱས་པ་དེས་ལས་བྱེད་མང་ཚོགས་ཁྲི་2.4ལ་ཕན་པ་ཐོབ་ཡོད། རིམ་རྩིས་བྱས་ན། མ་དངུལ་སྒོར་ཁྲི་980བཏང་ནས་རྫོང་རིམ་པའི་ལས་བྱེད་པས་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

    གཞི་རིམ་དུ་བསྐྱོད་དེ་དམངས་ཀྱི་དཀའ་ངལ་དང་སེམས་ཁྲལ་གཉིས་ཀ་བསལ་བ། རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་གཤམ་སྐྱོད་དང་འཚམས་འདྲི་ཐེངས་11བྱས་ནས་མང་ཚོགས་མི་ཐེངས་210ལ་སྣེ་ལེན་བྱས་པ་དང་། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་དང་རེ་ཞུ་ཁག་7ཐག་གཅོད་བྱས་པ། ཡིག་འབུལ་ཞུ་བཅར་གྱི་ཕུང་གསོག་ཐེབས་པའི་གྱོད་གཞི་ཁག་3ཐག་གཅོད་བྱས་ཡོད།

    ཚོགས་ར་ས་གནས་ས་ཐོག་ཏུ་འགྱུར་བ་བྱས་ནས་འཐབ་ས་དང་པོར་གནད་དོན་ཐག་གཅོད་ཀྱིས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། གཞི་རིམ་ནས་བཏོན་པའི་བསམ་འཆར་ལ་དམིགས་ཏེ། ས་གནས་ས་ཐོག་ཏུ་གཅིག་སྡུད་ཐོག་ལས་དོན་བསྒྲུབས་ཏེ་དོན་འཁྱོལ་བྱེད་དགོས་པའི་དོན་ཚན་ཁག་22གཏན་འཁེལ་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་བཀོད་གཏོང་བྱས་ཏེ་ཐབས་ཇུས་དང་བསམ་འཆར་བཏོན་ནས་འཐབ་ས་དང་པོར་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།