དབུ་ཤོག
  • ཨ་མའོ་ལོ། དངུལ་རྩྭ་རས་བརྒྱངས་ནས་གྲོང་མིར་བགོ་འགྲེམས་རྒྱག་གི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-01-30

    ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་སྟར་ཤིང་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་9ལ་བརྟེན་ནས་2023ལོར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་བགོ་འགྲེམས་དངུལ་དང་གླ་ཆ་ཁྱོན་སྒོར་ཁྲི་1200ལྷག་ཙམ་སྤྲད་པ་གསར་འགོད་པས་མཐོང་བྱུང་།

    གྲོང་མིའི་འཐུས་མིས་དངུལ་སྨར་རྩྭ་རས་ནང་བླུགས་ཤིང་། དུད་ཚང་རེའི་ཐོབ་སྐལ་བཞིན་སྒོར་ཟུར་གཅིག་ཀྱང་ཆད་ལུས་མེད་པར་ཚང་མར་སྤྲད།

    བགོ་འགྲེམས་རྒྱག་ཡུལ།

    ཟླ་1ཚེས་25ཉིན་གྱི་སྔ་དྲོ། སྟར་ཤིང་གྲོང་ཚོའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མགོ་འགྲེམས་དང་གླ་ཆ་སྤྲོད་རྒྱུ་བསྒུགས་ནས་བསྡད་ཡོད།

    ཚོགས་ཁང་དུ་སྐྱོད་སྐབས་སྡིངས་ཆའི་ཐོག་དངུལ་བརྒྱ་ཆག་གསར་རྐྱང་མང་པོ་བཞག་ཡོད། དངུལ་འདི་དག་ནི་གྲོང་མི་ཚོས་ལོ་གཅིག་རིང་དཀའ་ལས་བརྒྱབ་པའི་འབྲས་བུ་རེད།

    ཉེ་བའི་ལོ་ཤས་རིང་སྟར་ཤིང་གྲོང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོད་ནས་ཡུལ་བབ་དང་བསྟུན་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། སྔ་རྗེས་སུ་བཞོན་མ་གསོ་ཚགས་ར་བ་དང་། བོད་ཕག་གསོ་ཚགས་ར་བ། ཨར་ལས་ཀུང་སི། བཟའ་བཏུང་ཀུང་སི། ལག་ཤེས་རྡོ་བརྐོས་ལས་སྣོན་བཟོ་གྲྭ་སོགས་ཀྱི་དངོས་ཚན་དཔལ་འབྱོར་ཐོན་ལས་གཙོ་བོ་9གཉེར་ནས་མང་ཚོགས་ཚོ་ཐག་ཉེ་སར་ལས་ཀ་རག་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    2023ལོར་སྟར་ཤིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་9ཡི་སྤྱིའི་ཡོང་འབབ་སྒོར་ཁྲི་1390ལྷག་ཙམ་ཟིན་པ་དང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.9ལྷག་ཙམ་ཟིན་ཡོད།

    བགོ་འགྲེམས་རྒྱག་ཡུལ།

    ཡོང་འབབ་མང་པོ་འདི་འདྲ་བགོ་བཤའ་ཇི་ལྟར་རྒྱག་གི་ཡོད་དམ།

    སྟར་ཤིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་རྡོ་རྗེས་གསར་འགོད་པར་གྲོང་མི་རྣམས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ནང་ཧུར་ཐག་ཞུགས་ནས་ཚང་མར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། 2023ལོར། གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་དུད་ཚང་236གི་མི་892རིམ་པ་གསུམ་ལ་བགོས་ནས་བགོ་འགྲེམས་བརྒྱབ་པ་སྟེ། ངལ་རྩོལ་ནུས་ཤུགས་ཡོད་པ་དང་གྲོང་ཚོའི་འོས་འགན་ངལ་རྩོལ་ནང་ཞུགས་མཁན་རེར་སྒོར་8000དང་། ངལ་རྩོལ་ནུས་ཤུགས་མེད་པར་མི་རེར་སྒོར་5000 ཡུན་རིང་ཕྱིར་གླ་པ་རྒྱུག་པ་དང་གྲོང་ཚོའི་འོས་འགན་ངལ་རྩོལ་ནང་ཞུགས་མེད་པར་མི་རེར་སྒོར་2000སྤྲོད་ཀྱི་ཡོད། ད་ཐེངས་ཁྱོན་སྒོར་ཁྲི་500ལྷག་ཙམ་བགོ་འགྲེམས་བརྒྱབ་ཡོད། དེ་དང་ཆབས་ཅིག་2023ལོར་སྟར་ཤིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལས་མི་མི་ཐེངས་ཁྲི་2.7ལྷག་ཙམ་ཟིན་པར་ཁྱོན་གླ་ཆ་སྒོར་ཁྲི་700ལྷག་ཙམ་སྤྲོད་དགོས་པ་དང་སྤྲོད་ཐེངས་གཉིས་པོར་ཁྱོན་སྒོར་ཁྲི་1200ལྷག་ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    གྲོང་མི་ཚོར་བགོ་འགྲེམས་རག་ནས་ངོ་གདོང་ལས་འཛུམ་མདངས་འཕྱུར་བ།

    སྣེ་གདོང་ཆུས་ཨུད་ཀྱི་རྒྱུན་ཨུ་རྩེད་ཐང་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧོའུ་ཧྲུའུ་པིན་གྱིས། གོམ་སྟབས་རྗེས་མར་མུ་མཐུད་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་བཏང་སྟེ། ཁེ་ལས་ཁག་གིས་སྒྲིག་སྲོལ་ལྟར་ལས་དོན་སྒྲུབ་པར་ཁྲིད་སྟོན་དང་། གྲོང་གསེབ་དར་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས། མཉམ་སྡེབ་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཐུན་མོང་ཐོག་གྲོང་ཚོ་ཕྱུག་པོ་ཆགས་པ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།