དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྱིམ་དུ་ལོག་པའི་ལམ་བར་གྱི་དྲོ་སྐྱིད་ཚོར་སྣང་།

    བོད་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-29

    འདི་ནི་དཔྱིད་གསར་སྐྱེལ་འདྲེན་རིང་གི་བདེ་འཇགས་འགན་ལེན་བྱ་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སིའི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་ལམ་དུམ་གྱི་ལྷ་སའི་སྦྲེལ་མཐུད་དྲ་བ་ལྷོ་མའི་ཉམས་བཟོ་རུ་ཁག་གིས་བོད་སྡེ་བབས་ཚུགས་ནས་ཤེལ་གྲོང་བབས་ཚུགས་བར་གྱི་སྦྲེལ་མཐུད་དྲ་བའི་སྒྲིག་ཆས་ལ་གཙོ་གནད་ཐོག་བརྟག་དཔྱད་ཉམས་བཟོ་བྱེད་བཞིན་པ།

    འདི་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར“བསྐྱར་དར་རྟགས་ཅན”འགྲུལ་སྐྱེལ་མེ་འཁོར་ལྷ་ས་མེ་འཁོར་བབས་ཚུགས་ནས་ཐོན་བཞིན་པ།

    འདི་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་འགྲུལ་པ་མི་ཉུང་བ་ཞིག་ལྷ་སའི་གོང་དཀར་གནམ་ཐང་ནས་ཕ་ཡུལ་ལ་ལོག་བཞིན་པ།

    འདི་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་སའི་ཚོམས་ཆེན་དུ་དཔྱིད་གསར་གྱི་གབ་ལན་འདེབས་པའི་བྱེད་སྒོ་སྤེལ་ཏེ་བྱེད་སྒོར་ཞུགས་མཁན་འགྲུལ་པར་ལོ་གསར་གྱི་ལག་རྟགས་ཆུང་ཆུང་སྤྲོད་བཞིན་པ།

    འདི་ནི་འགྲུལ་པས་ལྷ་སའི་གོང་དཀར་གནམ་ཐང་གི་བློ་འདྲིའི་སྟེགས་བུར་དུས་གཏན་གནམ་གྲུའི་དུས་ཚོད་སྐད་ཆ་འདྲི་བཞིན་པ།

    འདི་ནི་ཕ་ཡུལ་དུ་ལོག་མཁན་འགྲུལ་པས་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པ་དང་ཁ་གྱེས་བཞིན་པ།

    འདི་ནི་ཕ་ཡུལ་ལ་ལོ་གསར་གཏོང་བར་འགྲོ་མཁན་འགྲུལ་པས་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་ཡི་གེ་སྟོན་བཞིན་པ།

    2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་26ཉིན་འགོ་ཚུགས་པ་དང་། ཟླ་3ཚེས་5ཉིན་མཇུག་འགྲིལ་རྒྱུ་རེད། ཁྱིམ་དུ་ལོག་པའི་ལམ་བར་དུ་མི་རྣམས་ལ་དཔྱིད་གསར་སྐྱེལ་འདྲེན་གྱི་བག་ཆགས་བཟང་པོ་བཞག་ཡོད།

    ཉིན་40ཡི་རིང་། རྒྱལ་ཡོངས་སུ་མི་ཐེངས་དུང་ཕྱུར་90ཙམ་འགྲུལ་བཞུད་བྱས་པ་ལས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དུས་འཁོར་རང་བཞིན་གྱི་འགྲུལ་བཞུད་བྱེད་འགོ་ཚུགས་པ་མཚོན་ཞིང་། འགྲོ་འོང་བྱེད་ཚད་མང་བའི་ཀྲུང་གོའི་གསོན་ཤུཌ་དང་སྐྱེ་སྟོབས་ཆེན་པོ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།