དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་ནུས་རྒྱུའི་མཉམ་ལས་ལ་བརྟེན་ནས།

    ཕ་ཁི་སི་ཐན་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མོའུ་ཙུང་ཚུང་དང་། ཁྲེང་ཧྲི་ཅེ། དབྱང་ཤུན། ཤུའེ་ཏན།   |     སྤེལ་དུས།  2024-01-29

    འདི་ནི་ཕ་ཁི་སི་ཐན་གྱི་ཁཱ་ལུའོ་ཐེ་ཆུ་ཤུགས་གློག་ཁང་གི་རགས་ཆེན་ཡིན་པ།

    འདི་ནི་ཕ་ཁི་སི་ཐན་གྱི་ཁཱ་ལུའོ་ཐེ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་ལས་ཡུལ་དུ་ཕ་ཁི་སི་ཐན་ཕྱོགས་ཀྱི་ལས་མིས་ལས་ཀ་བྱེད་བཞིན་པ།

    འདི་ནི་ཕ་ཁི་ཕི་ཐན་གྱི་མོ་ཏི་ཡ་ལི — ལཱ་ཧོར་གྱི་ཐད་རྒྱུག་གློག་གཏོང་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཀྲུང་ཕའི་བཟོ་སྐྲུན་ལག་རྩལ་ཆེ་མོ་བས་སྒྲིག་ཆས་ལ་རྒྱུན་གཏན་གྱི་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།

    འདི་ནི་2023ལོའི་ཟླ་6ཚེས་10ཉིན་བཟོ་པས་ཕ་ཁི་སི་ཐན་གྱི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་དུ་འཕྲུལ་ཙུའུ་ཡི་ལྷུ་ལག་མཐའ་མ་དེ་སྒྲིག་སྦྱོར་བྱེད་བཞིན་པ།

    འདི་ནི་2023ལོའི་དཔྱིད་གསར་དུས་ཆེན་རིང་ཕ་ཁི་སི་ཐན་གྱི་མོ་ཏི་ཡ་ལི — ལཱ་ཧོར་གྱི་ཐད་རྒྱུག་གློག་གཏོང་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཀྲུང་ཕའི་ལས་མིས་ལས་གནས་བརྟན་སྲུང་བྱེད་ཞོར་མཉམ་དུ་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་བཞིན་པ།

    འདི་ནི་ཕ་ཁི་སི་ཐན་གྱི་མོ་ཏི་ཡ་ལི ལཱ་ཧོར་གྱི་ཐད་རྒྱུག་གློག་གཏོང་རྣམ་གྲངས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་ལྷོ་རྒྱུད་བརྒལ་བའི་བྱེ་ཐང་ཁུལ་ཡིན་པ།

    2013ལོར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་ལ་གློག་ཤུགས་ཀྱི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་བར་རོགས་རམ་བྱས་ཏེ། དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་དང་། དཔལ་འབྱོར་དང་བཟོ་ལས་འཕེལ་རྒྱས་ལ་ཆ་རྐྱེན་བཏོད་ཡོད།

    ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོའི་ཤར་རྒྱུད་དང་ཕང་ཀྲེ་ཕུའུ་ཞིང་ཆེན་བྱང་རྒྱུད་ཀྱི་ཅེ་ཧོ་ལེ་མུའུ་གཙང་པོའི་ངོགས་སུ་ཡོད་པའི་ཁཱ་ལུའོ་ཐེ་ཆུ་ཤུགས་གློག་ཁང་གིས་ནུས་ཤུགས་ཡོད་རྒུས་གློག་གཏོང་བཞིན་ཡོད་པ་དང་། ཆུ་ཤུགས་གློག་ཁང་གི་ཚོད་འཛིན་ཁང་གཙོ་བོའི་ནང་ལོ་24ལ་སླེབས་པའི་ཕ་ཁི་སི་ཐན་གྱི་ལས་མི་ཐན་ཚིར·ལཱ་ཧོ་མན་དང་ཕ་ཀྲུང་གི་ལས་རོགས་ཚོས་མཉམ་དུ་གློག་ཀླད་ཀྱི་འཆར་ཤེལ་ངོས་སུ་མངོན་པའི་ཆུ་ཤུགས་གློག་ཁང་གི་འཁོར་སྐྱོད་སྟོན་རྟགས་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    “ངའི་ལས་འགན་ནི་ཆུ་མཛོད་ཀྱི་ཆུ་ཁ་དང་དེ་བཞིན་གློག་གཏོང་སྒྲིག་ཆས་སོགས་ཚུད་པའི་གློག་ཁང་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་རེད། གལ་ཏེ་གློ་བུར་དུ་གློག་སྒོ་ཐེབས་པ་སོགས་ཀྱི་སྐྱོན་ཐོན་ཚེ་ངས་འཕྲལ་མར་གློག་ཀླད་བརྒྱུད་བརྡ་གཏོང་བའམ་ཡང་ན་ལས་ཡུལ་དངོས་སུ་གནད་དོན་ཐག་གཅོད་བྱེད་པར་འགྲོ་དགོས་ཀྱི་ཡོད”ཅེས་ལཱ་ཧོ་མན་གྱིས་བཤད་པ་དང་། རྣམ་གྲངས་ལས་ཡུལ་དུ་ལས་ཀ་བྱས་ནས་ལོ་གཉིས་ཙམ་སོང་བའི་ཁོང་རང་ཉིད་ཀྱི་ལས་ཀར་རྒྱུས་མངའ་ཆེན་པོ་ཡོད།

    ཁཱ་ལུའོ་ཐེ་ཆུ་ཤུགས་གློག་ཁང་ནི་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་ཆུ་གློག་མ་འཇོག་གི་རྣམ་གྲངས་དང་པོ་དེ་ཡིན་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཀྲའོ་ཝ་720ཟིན་གྱི་ཡོད། 2022ལོའི་ཟླ་6པར་སྤྱོད་འགོ་ཚུགས་པ་ནས་བཟུང་ཀྲུང་ཕ་ཕྱོགས་གཉིས་པོའི་ལས་མིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ཆུ་ཤུགས་གློག་ཁང་དེར་བདེ་འཇགས་ཐོན་སྐྱེད་དང་། ལས་འཛོལ་མི་ཐོན་པ། གྱོང་གུན་མི་ཕོག་པ་སོགས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་སྒྲོམ་གཞིའི་འོག་ཕ་ཁི་སི་ཐན་ནུབ་བྱང་རྒྱུད་ཀྱི་ཁའེ་པོར་-ཕུའུ་ཧྲེན་ཐུའུ་ཞིང་ཆེན་ཁུན་ཧ་གཙང་པོའི་ངོགས་སུ་ཡོད་པའི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་884ཟིན་པ་དང་། སྔོན་དཔག་བྱས་ན་2024ལོར་བསྐྲུན་ཟིན་ནས་གློག་གཏོང་ཐུབ་རྒྱུ་ཡིན་པས་ལོ་ལྟར་ཕ་ཁི་སི་ཐན་ལ་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་32མཁོ་འདོན་ཐུབ་རྒྱུ་རེད།

    “ལོ་བཅུའི་རིང་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བས་ཕ་ཁི་སི་ཐན་གྱིས་འབྱུང་འགྱུར་རྒྱུན་མཐུད་ཆོག་པའི་གློག་ཤུགས་འཕེལ་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་སྐྱོད་པའི་རེ་བ་མཐོང་བྱུང”ཞེས་ཕ་ཁི་སི་ཐན་གྱི་ཇུས་འདོན་ཚོགས་པ་གོ་ལ་ཧྲིལ་པོའི་དར་གོས་ལམ་བུའི་ཞིབ་འཇུག་མནའ་འབྲེལ་འཛུགས་མཁན་ཀྲུའུ་ཞི་ཙེ་སྨིར·ཨ་དབན་གྱིས་བཤད།

    2021ལོའི་ཟླ་9པར། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་མོ་ཏི་ཡ་ལི ལཱ་ཧོར(མོ་ལཱ)ཐད་རྒྱུག་གློག་གཏོང་རྣམ་གྲངས་གཉེར་སྐྱོང་བྱེད་འགོ་ཚུགས་ནས་སྤྱི་ལེ་886ལས་བརྒལ་ཏེ་གཞི་ཁྱོན་ཆེ་བའི“ལྷོ་གློག་བྱང་འདྲེན”མངོན་འགྱུར་བྱུང་ཡོད། 2023ལོའི་ཟླ་10ཚེས་1ཉིན་བར་རྣམ་གྲངས་དེས་རིམ་རྩིས་བྱས་ན་ཕ་ཁི་སི་ཐན་ལ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་327ཟིན་ཡོད་པ་རེད། རྣམ་གྲངས་དེ་ནི་མིག་སྔར་སྐྲུན་འགོ་ཚུགས་པའི་ཐད་རྒྱུག་གློག་འདྲེན་རྣམ་གྲངས་གཅིག་པུ་དེ་ཡིན་ཞིང་། ལོར་གློག་གཏོང་ཚད་ཕ་ཁི་སི་ཐན་གློག་དྲ་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་21%ཟིན་པའི་ནང་60%ཡི་གློག་འདྲེན་གློག་སྐུད་བྱེ་ཐང་བརྒྱུད་དགོས་པས་ས་རྒྱུའི་ཐོན་ཁུངས་འབོར་ཆེན་གྲོན་ཆུང་ནུས་ལྡན་ཐུབ་ཡོད་པ་རེད།

    “ལོ་བཅུའི་རིང་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་གློག་གཏོང་དང་གློག་འདྲེན་གྱི་གནད་དོན་ཐག་གཅོད་ཅུང་ཡག་པོ་བྱས་པར་བརྟེན་སློབ་མ་མང་པོ་ཞིག་གིས་ཁྱིམ་སྦྱོང་འབྲི་སྐབས་ཡང་ལཱ་སྤོར་མི་དགོས་པ་མ་ཟད། ཕ་ཁི་སི་ཐན་གྱི་བཟོ་ལས་ཐོན་སྐྱེད་ལའང་འགན་ལེན་བརྟན་པོ་བྱུང་ཡོད”ཅེས་ཕ་ཁི་སི་ཐན་གྱི་རང་ཚུགས་གསར་འགྱུར་ཁང་གི་གསར་འགོད་པ་ཀྲ་སྨིར·ཨ་ས་ཏི་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    ཕ་ཁི་སི་ཐན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་ཁང་གི“རྒྱུད་གཅིག་ལམ་གཅིག”དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ས་ཁོངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་སང·ཏ་ཝུའུ་ཏེ་ཡིས། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་གྱི་གློག་ཤུགས་འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་ཕྱིན་ནས་ཕ་ཁི་སི་ཐན་འདི་ཉིད་རིམ་བཞིན་གློག་ཤུགས་དཀོན་པའི་དཀའ་གནད་ལས་སྒྲོལ་ཐུབ་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།