དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སའི་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོང་གིས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-28

    འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཁེའི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། དེ་ཕྱིར་ཀྲུང་གོ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གྲོས་འགོ་ཧུར་ཐག་འདོན་མཁན་དང་བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་མཁན་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    ◆ ཀྲུང་གོས་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་བྱེད་ཚད།

    2022ལོར་2005ལོ་དང་བསྡུར་ན་51%ཆག་ཡོད།

    ◆ ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ།

    བདག་ཡོད་གྲངས་འབོར་ཁྲི་1800ལས་བརྒལ་ནས།

    འཛམ་གླིང་གི་ཕྱེད་ཀ་ཡན་ཟིན་པ།

    ◆ ཀྲུང་གོའི་རྫས་འགྱུར་རྡོ་སྣུམ་མིན་པའི་ནུས་རྒྱུའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནང་བཟུང་བའི་བསྡུར་ཚད།

    50.9%བར་མཐོ་རུ་སོང་བ།

    ◆ ཀྲུང་གོས་གོ་ལ་ཧྲིལ་པོར་རླུང་གློག་དང་འོད་ཤུགས་སྒྲིག་ཆས་མཁོ་སྤྲོད་བྱེད་ཚད།

    50%དང་80%ཟིན་པ།

    ◆ ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེར་གཏོང་ལ་རྒྱབ་སྐྱོར་བྱས་པ།

    འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་41དང་གནམ་གཤིས་འགྱུར་ལྡོག་གི་ལྷོ་ལྷོའི་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོ་50བཞག་པ། ལོ་སི་དང་། ཁམ་ཕུ་ཁྲེ། སེ་ཧྲེར། ཕ་ཕུ་ཡ་ཀུའི་ནེ་ཡ་བཅས་དང་མཉམ་ལས་བྱས་ཏེ་ཐཱན་ཉུང་དཔེ་སྟོན་ཁུལ་4བསྐྲུན་པ།

    ཨེ་ཙེ་ཨོ་ཕི་ཡ་དང་། ཕ་ཁི་སི་ཐན། ཁུ་པ། ཨེ་ཅིབ་སོགས་ཀྱི་རྒྱལ་ཁབ་དང་གནམ་གཤིས་འགྱུར་ལྡོག་ཞི་ལྷོད་དང་འཚམ་མཐུན་གྱི་རྣམ་གྲངས་77བཞག་པ།

    འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་120ལྷག་ཙམ་ལ་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་དཔོན་རིགས་དང་ལག་རྩལ་མི་སྣ་2400ལྷག་གསོ་སྦྱོང་བྱས་པ།

    ཀྲུང་གོར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་50གཉེར་བ།

    (གྲངས་གཞིའི་ཡོང་ཁུངས། སྐྱེ་ཁམས་ཁོར་ཡུག་པུའུ)

    འདི་ནི་ཕ་ཐུའུ་ཁའི་དུས་ཐེངས་གསུམ་པའི་ཆུ་ཤུགས་གློག་ཁང་གི་ཡུལ་ལྗོངས་ཡིན་པ། 

    ཀྲུང་གོའི་ཁེ་ལས་ཀྱིས་ཇུས་འགོད་བྱས་ནས་སྐྲུན་པའི་ཧོང་ཏུ་ར་སི་ཕ་ཐུའུ་ཁའི་དུས་ཐེངས་གསུམ་པའི་ཆུ་ཤུགས་གློག་ཁང་གི་ལོ་རེའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3.36ཟིན་ནས་ཧོང་ཏུ་ར་སི་རྒྱལ་ཡོངས་ཀྱི་6%ཙམ་གྱི་གློག་སྤྱོད་དགོས་མཁོ་བསྐངས་ཏེ་ཉེ་འཁོར་ས་ཁུལ་ལ་གློག་ཤུགས་བརྟན་པོ་མཁོ་འདོན་བྱས་པ་མ་ཟད། ས་གནས་དེ་གའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ལི་ཅུན་ཐའོ་ཡིས་པར་བརྒྱབ།

    འདི་ནི་ལྷོ་ཨ་ཧྥེ་རི་ཁའི་ཁེ་ལུའུ་ཀེ་རྒྱལ་ཁབ་སྤྱི་གླིང་དུ་པར་བརྒྱབ་པའི་གཙོད་ནག་ཡིན་པ།

     ཀྲུང་གོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ཙམ་པབ་ཝེ་དང་། ཁེན་ནི་ཡ། ཙན་པི་ཡ་སོགས་རྒྱལ་ཁབ་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཏུ་སྤྱོད་པའི་དངོས་ཟོག་སྤྲོད་པ་དང་། ལྐོག་རྔོན་དང་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ཉོ་ཚོང་བྱེད་པར་རྡུང་རྡེག་ཤུགས་ཆེན་བཏང་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཡན་ཡུན་མིང་གིས་པར་བརྒྱབ།

    འདི་ནི་རྒྱང་ཁྲིད་སྐོར་ཞིབ་མི་མེད་གནམ་གྲུས་པར་བརྒྱབ་པའི་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁའི་ཟུར་ཞིག་ཡིན་པ།  

    རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་བཙོག་འབུད་ཉུང་གཏོང་གི་འཐབ་ཇུས་གསར་ཤོས་ནང་། 2050ལོར་སླེབས་སྐབས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གྱི་དྲོད་ཁང་རླུང་གཟུགས་འབུད་ཚད་ཀླད་ཀོར་དུ་མངོན་འགྱུར་བྱེད་པའི་རེ་འབོད་བྱས་ཤིང་། དེ་ཕྱིར་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་གྲུ་ཁ་བསྐྲུན་བཞིན་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་གཉེར་སྐྱོང་ནང་ཞུགས་པའི་ཀེ་རི་སེའི་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁས་ལྗང་མདོག་ཐཱན་ཉུང་རིག་ནུས་གྲུ་ཁ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། ཉི་ཀུའུ་ལཱ་སི་·ཀེ་ལུའོ་ཀེ་ཝེ་ཏི་སིས་པར་བརྒྱབ།

    འདི་ནི་ས་གནས་དེ་གའི་ཡུལ་སྐོར་བས་ཕུའུ་ལི་ཐེ་ཝུའེ་ཚའེ་མཚེའུ་ཡི་རྒྱལ་ཁབ་སྤྱི་གླིང་དུ་ལྟ་སྐོར་བྱེད་བཞིན་པ།

     ཁ་རེ་ཤེ་ཡ་ཕུའུ་ལི་ཐེ་ཝུའེ་ཚའེ་མཚེའུ་ཡི་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་གཟི་ཚྭ་སྡེ་དགུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“གཅེན་གཅུང”རང་བྱུང་ཤུལ་བཞག་ཁུལ་ཞིག་རེད། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཁ་རེ་ཤེ་ཡ་ཟག་རེབ་སློབ་ཆེན་དང་མཉམ་ལས་བྱས་ནས“ཀྲུང་གོ་དང་ཁ་རེ་ཤེ་ཡའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་ཞབས་ཞུའི‘རྒྱུད་གཅིག་ལམ་གཅིག’གི་མཉམ་འབྲེལ་ཚོད་ལྟ་ཁང”བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་གྱི་སྐྱེ་ཁམས་གསོ་སྐྱོང་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལིའུ་ཀྲུང་ཧྭ་ཡིས་པར་བརྒྱབ།

    འདི་ནི་ས་གནས་དེ་གའི་ལྟ་སྐོར་བས་རླངས་འཁོར་དངོས་མང་སྟོན་ཚོགས་ཐོག་ཀྲུང་གོའི་སྤུས་རྟགས་གློག་སྒུལ་རླངས་འཁོར་ལ་ལྟ་བཞིན་པ།

    2023ལོར་གཉེར་བའི་ཐེ་ལན་རྒྱལ་སྤྱིའི་རླངས་འཁོར་དངོས་མང་སྟོན་ཚོགས་སྐབས་བཞི་བཅུ་པའི་ཐོག་འགྲེམས་ཚོགས་ནང་ཞུགས་པའི་སྤུས་རྟགས་ཚང་མའི་ཁྲོད་ཀྲུང་གོའི་སྤུས་རྟགས་གློག་སྒུལ་རླངས་འཁོར་གྱི་མངགས་ཐོ་མདུན་གྲལ་དུ་སླེབས་ཡོད་པ་རེད། ཕུའུ་ལ་ཝུའེ་ཡིས་པར་བརྒྱབ།

    འདི་ནི་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་དང་བླངས་པ་ཞིག་གིས་བྱེད་སྒོའི་ཁྲོད་ཕྲུ་གུར་གད་སྙིགས་སྒྲུག་སྟངས་སློབ་བཞིན་པ།

     2023ལོའི་ཟླ་12ཚེས་5ནས་16ཉིན་གཉེར་བའི“དྭངས་གཙང་གི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ”ཀྱི་སྤྱི་ཕན་ཁོར་སྲུང་བྱེད་སྒོ་སྐབས་ཉེར་གཉིས་པའི་ཐོག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་དང་བླངས་པ་བརྒྱ་ལྷག་ཙམ་གྱིས་ས་གནས་དེ་གའི་དང་བླངས་པ་དང་མཉམ་དུ་ཏེ་པའེ་མ་མོང་བྱེ་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེ་ཐང་གི་གད་སྙིགས་གཙང་སེལ་བྱེད་པར་བརྟེན་ནས་མཐའ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བས་ལྗང་མདོག་ཁོར་སྲུང་ལ་དོ་ཁུར་བྱེད་པའི་ཡིད་དབང་བཀུག་ཡོད། ཀྲང་ཀྲི་ཝུན་གྱིས་པར་བླངས།

    འདི་ནི་ཕ་ལ་ཁཱ་ཐུའུ་ཧྲེང་རུའོ་ཨང་འོད་ཤུགས་གཅིག་སྡུད་ཀྱི་རྣམ་གྲངས་ཡིན་པ།

     ཀྲུང་གོའི་ཁེ་ལས་ཞུགས་ནས་འཛུགས་སྐྲུན་བྱས་པའི་པར་ཙིར་གྱི་ཕ་ལ་ཁཱ་ཐུའུ་ཧྲེང་རུའོ་ཨང་འོད་ཤུགས་གཅིག་སྡུད་རྣམ་གྲངས་དེ་2023ལོའི་ཟླ་11པར་གཤོང་ཚད་ཧྲིལ་པོའི་དྲ་སྦྲེལ་གློག་འདོན་མངོན་འགྱུར་བྱུང་བ་དང་། རྣམ་གྲངས་དེའི་གཤོང་ཚད་ཧྲིལ་པོའི་གློག་འདོན་འགོ་ཚུགས་རྗེས་ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4.21ཙམ་ཟིན་ནས་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་16.84ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་41.97ཉུང་འབུད་ཐུབ་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། ཁོར་ཡུག་གི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མངོན་གསལ་དོད་པ་དང་། པར་ཙིར་གྱི་བསྐྱར་སྐྱེས་ནུས་རྒྱུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གློག་ཤུགས་མི་འདང་བའི་གནད་དོན་ཞི་ལྷོད་དུ་གཏོང་བར་ལེགས་སྐྱེས་ཕུལ་ཡོད། ཁྲེན་ལེས་པར་བླངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།