དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་ཁག་དང་པོའི་རྣམ་གྲངས་18ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་མེ།   |     སྤེལ་དུས།  2024-01-28

    “ཉིན་འགའི་རིང་། ང་ཚོས་ཉམས་གསོ་དང་བརྟན་གཏོང་གི་རྣམ་གྲངས་འགོ་བཙུགས་ནས་ཟླ་3ཚེས་1ཉིན་གྱི་གོང་རྒྱུན་གཏན་ལྟར་སློབ་འགོ་ཚུགས་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་པའོ་ཅ་སློབ་ཆུང་གི་ལས་ཡུལ་ནས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པའི་ལས་གྲྭ་ཚད་ཡོད་ཀུང་སི་ལྔ་པའི་ས་གནས་ཀྱི་སྤྱི་གཉེར་གཞོན་པ་ཀྲང་ཝེ་ཝེ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས“དངོས་གནས་བྱས་ན་ང་ཚོས་ཟླ་1ཚེས་3ཉིན་ནས་བཟུང་ལས་མི་སྒྲིག་འཛུགས་བྱས་ཏེ་ལས་ཡུལ་དུ་བསྐྱོད་དེ་གས་ཤུལ་ཡོད་པའི་གྱང་ཁག་གཅིག་བཤིག་ནས་དུས་འགོའི་གྲ་སྒྲིག་གང་ལེགས་བྱས་པ་ཡིན”ཞེས་བཤད།

    ཉིན་ཤས་བསྟུད་མར། མཚོ་ཤར་གྲོང་ཁྱེར་གྱིས་རིམ་པ་དང་རིགས་དབྱེའི་ཐབས་ཇུས་ལག་ལེན་བསྟར་ཏེ་སློབ་གྲྭ་21ཀྱི་གེགས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་རྣམ་གྲངས་ལས་དོན་ལ་ནུས་ལྡན་དང་། གོ་རིམ། ཕན་འབྲས་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། ཟླ་1ཚེས་15ཉིན་ཁྱོན་མ་དངུལ་སྒོར་ཁྲི་1578.33གཏོང་རྩིས་ཡོད་པའི་མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་པའོ་ཅ་སློབ་ཆུང་གི་ཕྱོགས་བསྡུས་ཐོག་ཁང་དང་། ཀན་ཀོའུ་ཤང་དར་དམར་སློབ་ཁྲིད་ས་ཚིགས་ཀྱི་སློབ་ཁྲིད་ཐོག་ཁང་། ཀྲུང་ཁྲོན་ཤང་ཆིང་ཆོན་བུ་བཅོལ་ཁང་བརྟན་གཏོང་རྣམ་གྲངས་སོགས་གེགས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་རྣམ་གྲངས་ཁག་དང་པོ་དངོས་སུ་ལས་འགོ་ཚུགས་ཡོད། ཅི་ཧྲི་ཧྲན་ལ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་ཀྱི་ཟླ་བ་གཅིག་ཙམ་རིང་། མཚོ་ཤར་གྲོང་ཁྱེར་གྱིས་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་འཆར་འགོད་རྩོམ་འབྲིའི་ལས་དོན་ལ་སྐུལ་འདེད་བཏང་ནས་གཏོར་སྐྱོན་ཕོག་པའི་སློབ་གྲྭ་ཁག་གཅིག་དང་ཉེན་ཁ་ཡོད་པའི་ཁང་པ་ཉམས་གསོ་བརྟན་གཏོང་གི་ལས་དོན་གང་མགྱོགས་ལག་ལེན་བསྟར་བཞིན་ཡོད།

    མཚོ་ཤར་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཁས་གྲུབ་རྒྱལ་མཚན་གྱིས། “ང་ཚོས་ཞིང་ཆེན་རིམ་པའི་ཐིང་དང་ཅུས་ཁག་དབར་སྲིད་ཇུས་ཕྱོགས་སྟོན་དང་མ་དངུལ་གྱི་ཕྱོགས་ཤུགས་ཐད་རང་རྟོགས་ངང་འབྲེལ་མཐུད་ཧུར་ཐག་བྱས་ནས་གྲོང་མིའི་སྡོད་ཁང་ཉམས་གསོ་བསྐྱར་སྐྲུན་དང་ས་གཤིས་ཀྱི་གནོད་འཚེ་ལས་གཡོལ་བའི་གནས་སྤོ་དང་། སྤྱི་པའི་ཞབས་ཞུ་དང་འཚོ་བའི་ཞབས་ཞུའི་སྒྲིག་བཀོད། འགྲིམ་འགྲུལ་སྒྲིག་བཀོད། ཞིང་ནང་ཆུ་བེད་སྒྲིག་བཀོད། ནུས་རྒྱུ་འཕྲིན་གཏོང་། གྲོང་ཁྱེར་ལས་དོན་སྒྲིག་བཀོད། ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་དང་སྐྱེ་ཁམས་སླར་གསོ་བཅས་ཁྱབ་ཁོངས་ཆེན་པོ་དྲུག་འཆར་འགོད་བསྐྱར་སྐྲུན་བྱེད་པའི་རྣམ་གྲངས་ལ་དམིགས་ཡོད”ཅེས་བཤད།

    མིག་སྔར། མིན་ཧོ་དང་། བ་ཡན། ཡ་ཙི་བཅས་རྫོང་གསུམ་གྱི་གཏོར་སྐྱོན་ཕོག་པའི་སྡོད་ཁང་དང་། སློབ་གྲྭ སྨན་ཁང་། འགྲོ་ལམ། ཆུའི་མདོང་ལམ། འཕྲིན་གཏོང་སོགས་ཀྱི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་བྱེད་པར་དམིགས་ནས་མཚོ་ཤར་གྲོང་ཁྱེར་གྱིས་འཆར་འགོད་ལ་སྤྱི་འདོམས་དང་། སྒྲིག་འཛུགས་ཞིབ་ཚགས། སྔ་ཙམ་ལག་བསྟར་བཅས་ཀྱི་སྒོ་ནས་གེགས་རྗེས་ཀྱི་བསྐྱར་སྐྲུན་རྣམ་གྲངས་འཆར་འགོད་རྩོམ་འབྲིའི་ལས་དོན་ཏན་ཏིག་སྤེལ་བཞིན་ཡོད། མིག་སྔར་ཨར་སྐྲུན་ཆ་རྐྱེན་འཛོམས་པའི་རྣམ་གྲངས་18དག་ཕྱོགས་ཡོངས་ནས་ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་ཁྲི་4717བཏང་ཡོད།

    མཚོ་ཤར་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲི་རྡོ་རྗེས་མཚོ་ཤར་གྲོང་ཁྱེར་གྱིས་བདེ་འཇགས་གསལ་འབྱེད་ཀྱི་ལས་དོན་སྒྲིག་གཞི་52ཀྱི་ཚོགས་ཆུང་187དང་མི་གྲངས་440ལྷག་ཙམ་མངགས་ནས་རྫོང་གསུམ་གྱི་ཡོམ་འགོག་ཤུགས་ཚད་ཨང་དྲུག་པའི་ས་ཁོངས་ཀྱི་ཤང་དང་གྲོང་རྡལ་40ཡི་སྲིད་འཛིན་གྲོང་ཚོ་371ལ་བསྐྱོད་དེ། འཕྲལ་སྡོམ་ཚོད་སྐོར་གྱི་རྨང་གཞིའི་ཐོག་ཞིང་པའི་ཁང་པར་ཉེན་ཁ་ཡོད་མེད་གསལ་འབྱེད་ཀྱི་ལས་དོན་གཏིང་ཟབ་སྤེལ་ཡོད། “གོམ་སྟབས་རྗེས་མར། ང་ཚོས་ཁང་པར་ཉེན་ཁ་ཡོད་མེད་གསལ་འབྱེད་ཞིབ་བཤེར་དང་ཁ་གསབ་ཀྱི་ལས་དོན་རྗེས་འདེད་ངང་ཡག་པོ་བསྒྲུབས་ཏེ་གེགས་བར་བྱུང་བའི་ཞིང་པའི་ཁང་པ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་བརྟན་གཏོང་དང་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་གང་མགྱོགས་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད།

    མཚོ་ཤར་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཁྲེང་གིས། མིན་ཧོ་དང་། ཡ་ཙི། བ་ཡན་བཅས་རྫོང་གསུམ་གྱིས་ལས་འགོ་སྔོན་ལ་བཙུགས་ནས་སྔ་ཙམ་འཛུགས་སྐྲུན་ཐུབ་པ་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་རྣམ་གྲངས་ཀྱི་དུས་འགོའི་ཞིབ་མཆན་འགོད་པའི“ཐོགས་མེད་བགྲོད་ལམ”གྱི་ལམ་སྲོལ་བཙུགས་ཏེ་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་བཏང་ཐོག་ཞིབ་མཆན་འགོད་མཁན་སྡེ་ཚན་དང་མཐུན་སྦྱོར་བྱས་ནས“ཉིན་མཚན་དབྱེར་མེད་སྒོ་མི་རྒྱག་པའི”ཞབས་ཞུའི་འདུ་ཤེས་ལྟར་འཕྲལ་མར་བསྐྱལ་བ་འཕྲལ་དུ་བདག་སྤྲོད་དང་བསྒྲུབས་ཐུབ་པ་བྱས་པ་མ་ཟད། རྒྱུ་ཆ་འགན་སྲུང་སྡེ་ཚན་དང་དུས་ཐོག་མཐུན་སྦྱོར་བྱས་ཏེ་ལག་ཆ་དང་རྒྱུ་ཆ་གྲ་སྒྲིག་དང་། ཆུ་དང་ནུས་རྒྱུ་མཁོ་འདོན། ས་ཆ་བཀོད་སྒྲིག་སོགས་ཀྱི་ཨར་སྐྲུན་གྲ་སྒྲིག་གི་ལས་དོན་སྔ་སྣུར་དུ་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།