དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་ཟིལ་རྫོང་གིས།

    ཉེན་བརྡ་རྒྱུན་དུ་བསྒྲགས་ནས་སློབ་གསོའི་སྤྱོད་གཙང་སྒུལ་ནུས་འཕེལ་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུང་ཧའོ་ཤིན།   |     སྤེལ་དུས།  2024-01-28

    བརྒྱད་ཟིལ་རྫོང་གིས་སློབ་གསོའི་གཙོ་གནད་ཁྱབ་ཁོངས་འདིར་དམིགས་ནས“འགོ་ཁྲིད་ཨང་དང་པོ”དང་། གཞོན་ནུ་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་མི་སྣ་སོགས་གཙོ་གནད་མི་སྣར་དམ་པོར་དམིགས་ཏེ། དཔེ་མཚོན་གྱོད་གཞིའི་ཉེན་ཟོན་སློབ་གསོའི་དོན་སྙིང་སྔོག་འདོན་གཏིང་ཟབ་བྱས་ཡོད།

    “སི་ཁྲོན་ཚོང་དོན་ལས་རིགས་སློབ་གླིང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲུའུ་ཝུའེ་ལིན་སོགས་ནི་སློབ་གྲྭའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་ཡིན་མོད། འོན་ཀྱང་དབང་ཆ་དང་རྒྱུ་དངོས་ཀྱི་མདུན་དུ་ཁ་ཕྱོགས་འཛོལ་ནས་རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་མ་ཟད། རང་ཉིད་ཀྱང་བཙོན་ཁང་དུ་ཚུད་ནས་བསླབ་བྱ་ཟབ་མོ་ཕོག་བྱུང” ཉེ་ཆར། ཉེན་ཟོན་སློབ་གསོའི་གློག་བརྙན《“ས་གཙང”སྲུང་བ》བལྟས་རྗེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་ཟིལ་མཐོ་རིམ་སློབ་འབྲིང་གི་ལས་བྱེད་ལས་བཟོ་ཚོས“སློབ་གསོ་མང་པོ་ཐེབས་བྱུང”ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    2023ལོ་ནས་བཟུང་། བརྒྱད་ཟིལ་རྫོང་གིས་སློབ་གསོའི་གཙོ་གནད་ཁྱབ་ཁོངས་འདིར་དམིགས་ནས“འགོ་ཁྲིད་ཨང་དང་པོ”དང་། གཞོན་ནུ་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་མི་སྣ་སོགས་གཙོ་གནད་མི་སྣར་དམ་པོར་དམིགས་ཏེ། དཔེ་མཚོན་གྱོད་གཞིའི་ཉེན་ཟོན་སློབ་གསོའི་དོན་སྙིང་སྔོག་འདོན་གཏིང་ཟབ་བྱས་ནས། སློབ་གསོའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་ཚོས་འཇིགས་བཀུར་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་སྐྱེ་བ། མཐའ་ཚད་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱས་པ་རེད། “རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་2023ལོར་ཞིབ་བཤེར་ཐག་གཅོད་བྱས་པའི་སློབ་གསོའི་ཁོངས་གཏོགས་ཀྱི་དཔེ་མཚོན་གྱོད་དཔེ་17དང་ཟུང་འབྲེལ་བྱེད་རྒྱུ་གོ་སྐབས་སུ་བྱས་ཏེ་སློབ་གསོའི་ཁོངས་གཏོགས་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་ནས། རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པས་ལྡོག་ཕྱོགས་ཀྱི་དཔེ་མཚོན་མེ་ལོང་དུ་བཟུང་ནས་སྒྲིག་བཀུར་ཁྲིམས་སྲུང་ནན་པོ་དང་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་མཐའ་ཚད་བརྟན་དུ་གཏོང་བའི་དྲན་སྐུལ་བྱས་པ་དང་། གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་ཟིལ་ཤུགས་ལ་བརྟེན་ནས་སློབ་གསོའི་ཁོངས་གཏོགས་ལས་རིགས་ཀྱི་སྤྱོད་ཚུལ་རྒྱུན་མཐུད་ཡག་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད”ཅེས་བརྒྱད་ཟིལ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    སློབ་གསོའི་ཁོངས་གཏོགས་སུ་དྭངས་གཙང་སྤྱོད་གཙང་གི་སྤྱོད་ཚུལ་བཟང་པོ་ཞིག་གཏོད་ཆེད། བརྒྱད་ཟིལ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“2023ལོའི་བསིལ་རླུང་བྱ་སྤྱོད”ཀྱི་མངོན་གསལ་དོད་པའི་གནད་དོན་བཅུ་བཅོས་སྒྲིག་བྱེད་པའི་བྱེད་སྒོ་དང“ལས་མེད་ཕོགས་ཟ”གཙང་སེལ་གྱི་བཀོད་སྒྲིག་གཞིར་བཟུང་ཆེད་དོན་ལྟ་བཤེར་ཚོགས་ཆུང་བཙུགས་ཏེ། སློབ་གསོའི་ཁྱབ་ཁོངས་ཀྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་ནས་སློབ་གསོའི་ཁོངས་གཏོགས་ཀྱི་སྲིད་གཙང་ཉེན་ཁ་གནས་ས་གསེད་དཀྲོལ་བྱས་པ་དང་། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་སློབ་གྲྭའི་ཉོ་སྒྲུབ་དང་། ཟ་ཁང་གི་མཁོ་སྒྲུབ། རྣམ་གྲངས་གལ་ཆེན། ཁ་གསབ་མ་དངུལ་བཀོད་སྒྲིག སློབ་བསྡུའི་འཆར་འགོད་དང་མིང་སྐལ་བགོ་བཤའ་སོགས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་། ཞིང་ཨུད་ཀྱི་སྐོར་གཟིགས་དང་རྫོང་ཨུད་ཀྱི་སྐོར་ཞིབ་ཀྱི་ཕྱིར་མིག་ལྟ་བའི་ཚུར་ལན་གནད་དོན་དག་ཐེར་དང་དོན་འཁྱོལ་གྱི་བརྒྱུད་རིམ་ཧྲིལ་པོར་སྒྲུབ་སྐུལ་བྱས་པ་རེད།

    བརྒྱད་ཟིལ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“སློབ་གསོའི་ཁོངས་གཏོགས་ཀྱི་ཁྱད་ཆོས་ལ་དམིགས་ནས་ང་ཚོས་མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ལེགས་ཆ་གང་ལེགས་བཏོན་ནས་ལྟ་སྐུལ་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རྫོང་ཡོངས་སུ་སྤྱོད་གཙང་གཞུང་དྲང་གི་སློབ་གསོའི་ཁོར་ཡུག་དང་མི་སྣ་གསོ་སྐྱོང་གི་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་བཏང་ཡོད” མིག་སྔའི་བར་རྫོང་སློབ་གསོ་ཅུས་དང་ལུས་རྩལ་ཅུས་སུ་བཅའ་སྡོད་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དཔྱད་ཡིག་ཀློག་བཤེར་དང་། མི་རེ་ངོ་རེར་སྐོང་འདྲི། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་རྣམ་པར་བརྟེན་ནས་རྫོང་ཡོངས་ཀྱི་སློབ་གྲྭ་18དང་བྱིས་གསོ་ཁང་4ལ་ལྟ་བཤེར་རེས་སྐོར་གཉིས་བྱས་ཤིང་། བསྡོམས་གནད་དོན་16ཤེས་རྟོགས་བྱུང་བ་དང་། ས་གནས་ས་ཐོག་ཏུ་གནད་དོན་11དག་ཐེར་བྱེད་པར་སྐུལ་འདེད་བཏང་བ། དེའི་རྗེས་སུ་གནད་དོན་5ཚུར་ལན་སྤྲད་པ་རེད་ཅེས་ངོ་སྤྲོད་བྱས།

    གྱོད་གཞིར་བརྟེན་ནས་ཉེན་བརྡ་སྒྲོག་པ་དང་། གྱོད་གཞིར་བརྟེན་ནས་བསླབ་འདོམས། གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད། གྱོད་གཞིར་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་བཅས་དངོས་འབྲེལ་ཐུབ་པ་དང་ཆབས་ཅིག བརྒྱད་ཟིལ་རྫོང་གིས“སྤྱོད་གཙང་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི”སློབ་གསོའི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 2023ལོ་ཚུན་རྫོང་དེའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་སློབ་གསོ་དང་ལུས་རྩལ་ཅུས་དང་མཉམ་དུ་སློབ་གྲྭ་སྒྲིག་འཛུགས་བྱས་ནས་སྤྱོད་གཙང་རིག་གནས་སྒྲོག་འགྲེལ་དུས་ཐེངས་25བྱས་པ་དང་། སྤྱོད་གཙང་རིག་གནས་ཀྱི་བརྩམས་ཆོས་1200ལྷག་ཙམ་གསར་རྩོམ་བྱས་པ། སྤྱོད་གཙང་གཏམ་བཤད་ཐེངས་23བྱས་པ། རྫོང་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་མི་ཐེངས་10000ལྷག་ཙམ“སྤྱོད་གཙང་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོར་ཞུགས་པ། སྤྱོད་གཙང་གི་རིན་ཐང་ཁྱབ་སྤེལ་དང་སྤྱོད་གཙང་གི་རིག་གནས་སྐྱེད་སྲིང་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་སློབ་གྲྭའི་སྤྱོད་གཙང་རིག་གནས་ཀྱི་སློབ་གསོ་དང་། དཔེ་སྟོན། བག་ཆགས། ཁྲིད་སྟོན་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།