དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ལ་ཨོ་ལིམ་ཕིག་གྲོང་ཁྱེར་སྐྲུན་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-27

    ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་ཡོད་པའི་ཨོ་ལིམ་ཕིག་གྲོང་ཁྱེར་རྣམ་གྲངས་ནི་2022ལོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་མར་ཧན་དབུ་ཚོགས་འཚོགས་རྗེས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དབར་དོན་འཁྱོལ་བྱས་པའི་མཉམ་ལས་རྣམ་གྲངས་ཆེ་གྲས་ཐོག་མ་དེ་ཡིན་ཞིང་། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་པོའི་མི་སྣ་ལས་གྲུབ་པའི་ཨར་ལས་ཚོགས་པས་ཁྲལ་སེལ་སླ་བཅོས་སྤུ་ཙམ་ཡང་མེད་པར་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད། ལས་གྲྭའི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་བསྟུན་ནས་ཀྲུང་གོའི་ཁེ་ལས་ཀྱིས་བཏོད་པའི་བཀྲག་མདངས་འཚེར་བའི་མིང་བྱང་དེས་རྒྱལ་ཁབ་གཉིས་པོའི་ལུས་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད། འདི་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་ནས་པར་བླངས་པའི་ཨོ་ལིམ་ཕིག་གྲོང་ཁྱེར་གྱི་རྣམ་གྲངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།