ལྷ་ས་ནས་ཁང་པ་ཉོས་པ་ཚོས་ཆ་འཕྲིན་འདིར་ཡིན་གཅིག་གཟིགས་དང་།
གསར་འགོད་པར་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར། 《<ལྷ་ས་གྲོང་ཁྱེར་གྱི་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་(商品房)ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་ལག་བསྟར་ཞིབ་སྲོལ>པར་འགྲེམས་བྱེད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་བརྡ་ཐོ》(ལྷ་སྲིད་གཞུང་སྤེལ﹝2023﹞ཡིག་ཨང་27པ)ཡིག་ཆའི་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་2023ལོའི་ཟླ་12ཚེས་16ཉིན་ནས་ཟླ་12ཚེས་31ཉིན་བར་རེ་འདུན་ཞུ་མཁན་གྱིས་ཕུལ་བའི་ཁང་པ་ཉོ་སྒྲུབ་ཀྱི་ཁ་གསབ་འདུན་ཞུའི་ཡིག་ཆར་ཞིབ་དཔྱད་བྱས་ཡོད། ཞིབ་དཔྱད་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་ཁག་བཅུ་གཉིས་པའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཉོ་སྒྲུབ་ལ་ཁ་གསབ་སྤྲོད་པའི་མིང་ཐོའི་ནང་ཁྱོན་ཉོ་མཁན་308ཡོད། ད་ལྟ་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་རྒྱུ་གཤམ་གསལ།
ཡོངས་བསྒྲགས་ཀྱི་དུས་ཚོད། 2024ལོའི་ཟླ་1ཚེས་24ཉིན་ནས་2024ལོའི་ཟླ་1ཚེས་30ཉིན་བར་ཡིན་པ།
གལ་ཏེ་ཡོངས་བསྒྲགས་བྱས་འབྲས་ལ་བསམ་འཆར་ཡོད་ཚེ་ཡོངས་བསྒྲགས་བྱེད་རིང་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ལ་བསམ་འཆར་འདོན་ན་འགྲིག
འབྲེལ་གཏུག་ཁ་པར་ཨང་གྲངས། 0891-6375472
སྦྲག་སྲིད་ཨང་རྟགས། 850000
འཕྲིན་ཡིག་གཏོང་ས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅང་སུའུ་ལམ་ཆེན་དང་རྭ་ཁ་ཆུ་འཁོར་ལམ་གྱི་ལམ་མདོར་ཡོད་པའི་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ན་ཁ་གསབ་སྤྲོད་པའི་མིང་ཐོར་གཟིགས་ཐུབ།