དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱལ་ཐོན་གློག་བརྙན་གྱི་སྤ་སེ་འཚོང་ཚད་མངོན་གསལ་དོད་པོས་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-26

     འདི་ནི་2023ལོའི་ཟླ་7པར་ཧྲང་ཧའེ་ཧོ་ཕིང་གློག་བརྙན་ཁང་དུ་གྲོང་མི་ཚོས་གུང་གསེང་རིང་གི་གློག་བརྙན་བརྡ་ཆར་ལྟ་བཞིན་པ།

    2023ལོར་ཀྲུང་གོའི་གློག་བརྙན་གྱི་སྤ་སེའི་ཡོང་འབབ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་550ཙམ་ཟིན་པ་དེ་2022ལོ་ལས་བཅུ་ཆ་བརྒྱད་འཕར་ཡོད་པ་དང་། དེ་དང་ཆབས་ཅིག་ཀྲུང་གོའི་རྒྱལ་ཐོན་གློག་བརྙན་གྱི་སྤ་སེ་འཚོང་ཚད་མངོན་གསལ་དོད་པོས་འཕར་ནས་རྒྱལ་ཐོན་གློག་བརྙན་གྱི་སྤ་སེའི་བསྡུར་ཚད་བཟུང་ཚད་84%ཙམ་ཟིན་ཞིང་། སྤ་སེ་འཚོང་ཚད་མང་ཤོས་ཀྱི་གློག་བརྙན་དང་པོ་ནས་བཅུ་པའི་བར་ཚང་མ་རྒྱལ་ཐོན་གློག་བརྙན་ཡིན་པ་རེད།

    2023ལོའི་ཚུན་དུ་ཀྲུང་གོའི་དཔལ་འབྱོར་རིམ་བཞིན་སླར་གསོ་བྱུང་ནས་ས་གནས་ཁག་གི་གློག་བརྙན་ཁང་རྒྱུན་གཏན་གཉེར་སྐྱོང་ཐུབ་པ་དེས་གློག་བརྙན་ཁྲོམ་ར་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་ཐུབ་ཡོད། ཀྲུང་གོའི་སྨྱན་སྦྱོར་གྱིས་2023ལོའི་ཀྲུང་གོའི་གློག་བརྙན་ཁྲོམ་རར་རྒྱལ་ཐོན་གློག་བརྙན་གྱི་སྤ་སེ་འཚོང་ཚད་དང་། གླེང་ཚུལ། དོ་སྣང་བྱེད་ཚུལ་བཅས་གང་ཞིག་ཡིན་རུང་ཕྱི་རྒྱལ་གློག་བརྙན་ལས་ལྷག་པ་ཡོད་ཅེས་བརྗོད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཀྲུང་གོའི་རྒྱལ་ཐོན་གློག་བརྙན་གྱི་སྤ་སེ་བཙོངས་པའི་དངུལ་འབོར་སྒོར་དུང་ཕྱུར་460.05ཟིན་ཡོད་པ་རེད།

    —— རི་པིན་གྱི《ཐོན་ལས་དཔལ་འབྱོར་གསར་འགྱུར》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།