དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོར་འོད་ཤུགས་ཐོན་ལས་དར། གསར་པ་གསུམ་གྱི་རྣམ་པ་བཟང་པོ་མངོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-26

    རླུང་ཤུགས་དང་འོད་ཤུགས་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་མཚོ་སྔོན་ནི། རང་རྒྱལ་གྱིས་ཇུས་བཀོད་བཞིན་བསྐྲུན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་ཞིག་ཡིན་ཞིང་། ད་ཆ་ཞིང་ཆེན་ཐོན་ཁུངས་ཀྱི“སྣེ་ཁྲིད”ལ་བརྟེན་ནས་རྨ་ཆུ་དང་ཙོང་ཆུའི་ལུང་ཤུར་དུ་གནས་པའི་ཟི་ལིང་གྲོང་ཁྱེར་གྱིས་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་དང་བསྟུན་ནས་ཐོན་ལས་སྒྲུབ་རིམ་རྒྱ་སྐྱེད་པ་དང་། འཁོར་འབྲེལ་དང་ཚོགས་པ་བཙུགས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཤིག་བཏོད་ཡོད།

    འགུལ་ནུས་གསར་པ།

    འོད་ཤུགས་ཤེལ་ལེབ་སྔོན་མོ་རེ་རེ་བཞིན་གྲལ་སྟར་འགྲིག་པོས་ཚད་ལྡན་ཅན་གྱི་འཁོར་ཁང་གི་ཐོག་ཁར་བསྒྲིགས་ཡོད་པ་དང་། ཉི་འོད་ཤེལ་ཐབ་ཐོན་སྐྱེད་སྒྲིག་ཆས་1536གུ་ཡངས་ཤིང་དཀར་ཆ་དོད་པའི་ཤེལ་ལེབ་འཁོར་ཁང་ནང་ཐེག་ཚད་ཆེན་པོས་འཁོར་སྐྱོད་བྱེད་བཞིན་ཡོད་པ། རང་འགུལ་ཁ་སྒྱུར་གྱི་ཁ་དབྲག་རླངས་འཁོར་མང་པོ་འཁོར་ཁང་ནང་ཕར་འགྲོ་ཚུར་འོང་བྱེད་པ་སོགས་ལོ་གསར་པ་ཤར་ཚུན“འོད་ཤུགས་ཁྲོམ་གཞུང”དུ་གནས་པའི་ཐེན་ཧོ་འོད་ནུས་མཚོ་སྔོན་རྟེན་གཞི་ཆེན་པོར་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས།

    ཀུང་སིའི་རྒྱལ་སྒོའི་མདུན་གྱི་ཁྲོམ་གཞུང་ནས་ཤར་གྱི་ཕྱོགས་སུ་སྤྱི་ལེ་2ལྷག་ཙམ་བསྐྱོད་ཚེ། ཐོན་ལས་སྔ་མའི་དངོས་ཟོག་མཁོ་འདོན་བྱེད་མཁན་མཚོ་སྔོན་ལི་ཧའོ་གློག་འདྲེན་ཕྱེད་གཟུགས་རྒྱུ་ཆ་ཚད་ཡོད་ཀུང་སིར་སླེབས། 2021ལོར་གླིང་ཁུལ་དུ་མ་འཇོག་བྱས་ནས་བཟོ་གྲྭ་སྐྲུན་མཁན་ཁེ་ལས་དེས་རིམ་རྩིས་བྱས་ན་2023ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་110བཏང་ཡོད། ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཧོ་ཤིའུ་ཚའེ་ཡིས། ཁེ་ལས་ཀྱིས་མ་དངུལ་མུ་མཐུད་གཏོང་བའི་འགག་རྩ་ནི་ཁྲོམ་རའི་རྗེས་སུ་འགྲོ་རྒྱུ་དེ་ཡིན། ཟི་ལིང་གི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་་ནུས་འབྲས་ཆེན་པོ་རགས་ཙམ་ལྡན་ཡོད་ཅེས་བཤད།

    ཐན་ཧོ་འོད་ནུས་ཀྱི་དངོས་ཟོག་མཁོ་འདོན་བྱེད་མཁན་གཞན་ཞིག་ཡིན་པའི་མཚོ་སྔོན་ཨེ་ཤེ་ཡ་སྭེལ་རྒྱུའི་ལས་རིགས་ཀྱི་གློག་འདྲེན་ཕྱེད་གཟུགས་ཀུང་སི་དེ་སྤྱི་ལེ་28ཙམ་གྱི་སར་གནས་ཤིང་། ཨེ་ཤེ་ཡ་སྭེལ་རྒྱུའི་ལས་རིགས(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཀྲེན་ལན་ཅིས་ཀུང་སིའི་ཐོན་རྫས་ཟི་ལིང་དུ་བཙོངས་པ་དེས་ཀུང་སིའི་ཐོན་ཚད་ཀྱི་20%བཟུང་ཡོད། ལོ་གསུམ་གོང་། དེའི་བསྡུར་ཚད་10%ལས་མེད་ཅེས་བཤད།

    འོད་ཤུགས་ཐོན་ལས་ཙམ་མ་ཟད། ཟི་ལིང་དུ་ནུས་རྒྱུ་གསར་པར་དམིགས་ཏེ་གློག་སྒུལ་རླངས་འཁོར་གྱི་གློག་རྫས་མཁོ་འདོན་བྱེད་མཁན་དུས་རབས་ཀྱི་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་པི་ཡ་ཏི་སྔ་རྗེས་སུ་གཞིས་ཚུགས་པ་དང་། ལོར་ནུས་ཚད་མཐོ་ཞིང་ཚགས་དམ་པའི་ལི་རྫས་གློག་རྫས་ཕོ་རིམ་རྒྱུ་ཆ་ཏུན་ཁྲི་16ཟིན་པའི་རིག་ནུས་བཟོ་སྐྲུན་རྟེན་གཞི་སོགས་རྣམ་གྲངས་དམ་འཛིན་གྱིས་སྐྲུན་བཞིན་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་25བཏང་བ་དང་། ལོར་སྒུལ་ནུས་གསར་པའི་གློག་རྫས་5GWhཐོན་སྐྱེད་བྱེད་པའི་ཐོན་སྐྱེད་རྒྱ་སྐྱེད་རྣམ་གྲངས་ཚོད་ལྟ་སྙོམས་སྒྲིག་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་རེད།

    མྱུར་ཚད་གསར་པ།

    “འོད་ཤུགས་ཁྲོམ་གཞུང”གི་བྱང་ནས་ལྷོར་སྐྱོད་སྐབས། དེའི་གཞོགས་ཤར་ནུབ་གཉིས་ལ་ཤེལ་ལེབ་འདུས་པའི་སྭེལ་རྒྱུ་དང་། ཤེལ་རྐྱང་སྭེལ་རྒྱུ། ཤེལ་ལེབ། གློག་རྫས་སོགས་ཁེ་ལས་ཀྱི་འཁོར་ཁང་གྲལ་འགྲིག་པོ་ཡོད་པ་དང་། གླིང་ཁུལ་གྱི་ལྷོ་ཕྱོགས་སུ་གསར་སྤེལ་བྱེད་རྒྱུ་ཡིན་པའི་ས་རྒྱ་ཆེན་པོ་ཞིག་ཀྱང་འདུག

    “ནུས་རྒྱུ་གསར་པའི་ཐོན་ལས་ལ་དམིགས་པ་དང་། བར་མཐོངས་འཇོག་པ། འཕེལ་རྒྱས་ཡོང་བར་དམིགས་པ་དང་། ས་རྒྱུའི་ཐོན་ཁུངས་ཡོད་པ་དང་། ཐོན་ལས་འཁོར་འབྲེལ་ལ་ཡིད་དབང་འགུགས་ཤུགས་ལྡན་པ། ཁེ་ལས་རྙིང་པས་ངར་ཤུགས་སྒྲིམ་པ་དང་ཁེ་ལས་གསར་པའང་གཅིག་མཇུག་གཉིས་མཐུད་ངང་ཞུགས་བཞིན་ཡོད”ཅེས་ཟི་ལིང་དཔལ་འབྱོར་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཡེའུ་ཏེས་བཤད་པ་དང་། ཁོང་གིས་2020ལོར་ནན་ཁྲོན་བཟོ་ལས་གླིང་ཁུལ་བཙུགས་པ་ནས་བཟུང་འཕེལ་རྒྱས་མྱུར་པོ་བྱུང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་89.6ནས་2023ལོའི་སྒོར་དུང་ཕྱུར་546བར་མང་དུ་སོང་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་23.6ནས་2023ལོའི་སྒོར་དུང་ཕྱུར་138བར་མང་དུ་ཕྱིན་ཡོད་ཅེས་བཤད།

    ཐན་ཧོ་འོད་ནུས་མཚོ་སྔོན་རྟེན་གཞི་ཆེན་པོའི་གློག་རྫས་ཐོན་སྐྱེད་འཁོར་ཁང་གི་ལས་སྒྲུབ་བྱ་ཡུལ་དུ་ITདང་། བཟོ་རྩལ། སྤུས་ཚད། ཞིབ་སྤེལ་སོགས་སྡེ་ཚན་གཅིག་སྡུད་བྱས་ཡོད་ལ། ལོ་36ལྷག་ཙམ་ཟིན་པའི་སྤྱི་གཉེར་བ་8ཀྱིས་སྣེ་ཁྲིད་དེ་ལོ་20གྲོལ་ཙམ་གྱི་ན་གཞོན་མང་པོ་བྲེལ་བརྩོན་ཆེན་པོས་ལས་ལ་གཞོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་རྣམ་པ་ཞིག་མངོན།

    ཐོན་སྐྱེད་འཁོར་ཁང་ནང་རྒྱུ་ཆ་དབོར་མཁན་འཕྲུལ་འཁོར་དཀར་པོ་མང་པོ་རང་འགུལ་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། སྐབས་རེ་རྡུལ་འགོག་གྱོན་ཆས་དཀར་པོ་གྱོན་པའི་ལས་མི་རེ་ཟུང་སྒྲིག་ཆས་བར་ལ་འགྲོ་བ་མཐོང་བ་ལས་ཁུ་སིམ་ཁྲོད་ལས་ལ་བྲེལ་བའི་རྣམ་པ་ཞིག་ངང་གིས་མངོན་ཞིང་། “གློག་རྫས་འཁོར་ཁང་གི་ལོའི་ཐོན་སྐྱེད་བྱེད་ཚད་5GWཚང་མ་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད”ཅེས་ཐན་ཧོ་འོད་ནུས་མཚོ་སྔོན་རྟེན་གཞི་ཆེན་པོའི་གློག་རྫས་བཟོ་སྐྲུན་གྱི་འགན་འཁུར་བ་ཁྲེང་པའོ་ཏུང་གིས་བཤད་པ་དང་། ཁོང་གིས་ཐན་ཧོ་འོད་ནུས་ཀྱིས་མཚོ་སྔོན་རང་སར་འོད་ཤུགས་མཐའ་སྣེའི་ཐོན་རྫས་དང་མ་ལག་སྤུས་དག་མཁོ་འདོན་ཧུར་ཐག་བྱེད་ཀྱི་ཡོད། མཚོ་སྔོན་དུ་ཉི་འོད་ཕོག་ཤུགས་ཆེ་བའི་ཐོན་ཁུངས་ལ་བརྟེན་ནས“མཚོ་སྔོན་གྱིས་བཟོས་ནས་མཚོ་སྔོན་ལ་སྤྱོད་རྒྱུ”མངོན་འགྱུར་བྱུང་ཡོད་ཅེས་བཤད།

    ཟི་ལིང་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ཟི་ལིང་གྲོང་ཁྱེར་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་24.0%འཕར་ཡོད།

    གོ་སྐབས་གསར་པ།

    “2024ལོར་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་80བཏང་བའི་དུས་ཐེངས་གསུམ་པའི་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་10བཏང་བའི་གློག་རྡུལ་རིམ་པའི་ཤེལ་ལེབ་འདུས་སའི་སྭེལ་རྒྱུ་ལོར་ཐོན་སྐྱེད་བྱེད་ཚད་ཏུན་2000ཟིན་པའི་སྒྲུབ་རིམ་རྣམ་གྲངས་བསྐྲུན་ཐུབ་ཡོད”ཅེས་ཧོ་ཤིའུ་ཚའེ་ཡིས་བཤད།

    འོད་ཤུགས་སྒྲིག་སྦྱོར་གྱི་རིན་གོང་ཤུགས་ཆེན་ཆག་ནས་འོད་ཤུགས་ཁེ་ལས་མང་པོར་ཁེ་བཟང་དེ་ཙམ་ཡག་པོ་མེད་ལ་ཐ་ན་མ་གནས་འཁོར་ཙམ་ལས་མེད་མོད། འོན་ཀྱང“འོད་ཤུགས་ཁྲོམ་གཞུང”གི་ཁེ་ལས་ཁག་གཅིག་གིས་མ་རྩ་མང་དུ་བཏང་ནས་ཐོན་སྐྱེད་རྒྱ་བསྐྱེད་རྒྱུ་ཡིན་པ་གསར་འགོད་པར་བཤད་བྱུང་།

    “ལས་རིགས་ཁག་ལེགས་སྒྲིག་བྱེད་བཞིན་ཡོད་ནའང་། ལྗང་མདོག་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་ཆོད་སེམས་དང་། ཁྲོམ་ར་མུ་མཐུད་རྒྱ་ཆེར་གཏོང་བའི་རྒྱལ་ཁབ་ཀྱི་ཆོད་སྡོམ་གྱིས་གཞི་ཁྱོན་གྱི་ལེགས་ཆ་དང་ལག་རྩལ་གྱི་ལེགས་ཆ་ལྡན་པའི་ཁེ་ལས་ཁག་གཅིག་ལ་ཡིད་ཆེས་ལྷག་པར་འཕེལ་ཡོད”ཅེས་ཀྲོའུ་ཡེའུ་ཏེས་བཤད་པ་དང་། ཁོང་གིས། རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་གཏོད་པས་ནུས་རྒྱུ་གསར་པའི་ཁེ་ལས་འབོར་ཆེན་དེར་མ་འཇོག་བྱེད་པའི་བློ་བཀུག་ཡོད་ཅེས་བཤད།

    གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར་རང་རྒྱལ་གྱི་རླུང་ནུས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ལོ་གོང་མ་ལས་66%འཕར་བ་དང་། རང་རྒྱལ་གྱི་ཉི་ནུས་དང་འོད་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་མང་དུ་སོང་བ་དེ་2022ལོའི་གོ་ལ་ཧྲིལ་པོར་འོད་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་མང་དུ་སོང་བ་དང་མཉམ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།