དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པ་མཚོ་སྔོན་དུ་ཞབས་ཞུ་དང་སྦྱོང་བརྡར་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-26

     ཟླ་1ཚེས་22ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པའི་ཁོངས་མིར་སྣེ་ལེན་དང་གསོ་སྦྱོང་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པའི་ཁོངས་མི་ཡོངས་དང་། ཞིང་ཨུད་རྩ་འཛུགས་པུའུ་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་གཞུང་རྒྱུ་ཨུ་ལྷན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པའི་ཁོངས་མི་24མཚོ་སྔོན་དུ་གནས་སྦྱར་ཞབས་ཞུ་དང་སྦྱོང་བརྡར་བྱེད་ཐེངས་དང་པོ་ཡིན་པ་དང་། ཁོངས་མི་7དེ་གོང་གི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་གི་རྒྱུན་མཐུད་གནས་སྦྱར་ཁོངས་མི་ཡིན་པ་རེད། གཞན་ཡང་ཁོངས་མི་18གསོ་རིག་འབུམ་རམས་པ་དང་ཁོངས་མི་13ཐོན་ལས་ཁྱབ་ཁོངས་དང་སློབ་གསོའི་ཁྱབ་ཁོངས་ཀྱི་འབུམ་རམས་པ་ཡིན་ཞིང་། ཁོང་ཚོ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་ལས་ཁུངས་དང་། གཙོ་གནད་ཁེ་ལས། མཐོ་རིམ་སློབ་གྲྭ སྨན་བཅོས་སྒྲིག་གཞི་སོགས་སྡེ་ཚན་དང་ཚན་པར་མཚོ་སྔོན་འཛུགས་སྐྲུན་དང་མཚོ་སྔོན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་བསྐྱོད་རྒྱུ་རེད།

    ཚོགས་འདུའི་ཐོག་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པའི་ཁོངས་མིའི་འཐུས་མིས། སླད་ཕྱིན་ལོ་གཅིག་ནང་རང་ཉིད་ཀྱི་ཆེད་ལས་ཀྱི་ཁྱད་ཆོས་ཧུར་ཐག་བཏོན་ནས་འབྲེལ་ཟམ་ཡག་པོ་བཙུགས་ཏེ་གནས་སྦྱར་ཚན་པའི་མ་དངུལ་དང་རིག་སྟོབས་ནང་འདྲེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཚན་ཞིབ་འགག་སྒྲོལ། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས། “མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་སྔོན་སྐྱོད་པ་དང་ལག་བསྟར་བ་ཞིག་བྱེད་ཀྱི་ཡིན་ཞེས་བཤད་པ་དང་། ས་གནས་ཁག་གི་མི་སྤྱོད་ཚན་པ་ཁག་གིས་ཀྱང་སེམས་ནུས་ཡོད་རྒུ་བཏོན་ནས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིར་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་དང་། ལས་ཀའི་ཁོར་ཡུག་བཟང་པོ། འཚོ་བའི་ཁོར་ཡུག་བཟང་པོ་བཅས་ནུས་ཤུགས་ཡོད་རྒུས་བཏོད་ནས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིར་མཚོ་སྔོན་དུ་ལས་སྒྲུབ་ལས་གཏོད་དང་འཇོན་ཐང་ངོམ་པའི་སྟེགས་བུ་བཟང་པོ་ཞིག་སྐྲུན་གྱི་ཡིན་ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་24པས་ད་དུང་ས་མཐོའི་གསོ་རིག་འབུམ་རམས་པའི་ཚོགས་ཆུང་དང་ས་མཐོའི་ཐོན་སློབ་འབུམ་རམས་པའི་ཚོགས་ཆུང་སོ་སོར་བཙུགས་ཤིང་། གསོ་རིག་ཚོགས་ཆུང་གི་འབུམ་རམས་པས་མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་གསོ་རིག་ལྟེ་གནས་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ས་མཐོའི་གསོ་རིག་ནད་ཞིབ་འཇུག་ལ་གཞོགས་འདེགས་ཀྱིས་ས་མཐོའི་ནད་ཀྱི་འབྲེལ་ཡོད་ཆེད་ལས་ཚན་ཁག་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་ཡིན་པ་དང་། ཐོན་སློབ་ཚོགས་ཆུང་གི་འབུམ་རམས་པས་རིག་ཚན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ཞིབ་འཇུག་བྱེད་པ། སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོ་དང་ཁྱད་ལྡན་ཐོན་ལས་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།