རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ།
བོད་ལྗོངས་ཀྱི་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་སྤྱི་འབོར་ཁྲི་49.26ཟིན་པ།
ཚེས་23ཉིན་གྱི་སྔ་དྲོར། “སྲིད་ཇུས་ཡག་ཤོས་དང་། མ་གནས་དམའ་ཤོས། ཞབས་ཞུ་ལེགས་ཤོས། ལས་སྒྲུབ་མགྱོགས་ཤོས”བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་དེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་ཚོང་གཉེར་ཁོར་ཡུག་གི་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། རང་ལྗོངས་ཀྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད།
ཚོགས་འདུའི་ཐོག་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། རང་ལྗོངས་ཀྱི་སྲིད་འཛིན་ཞིབ་མཆན་དོན་ཚན་གྱི་གྲངས་འབོར་ཁག་347ནས་ཁག་185བར་ཉུང་དུ་ཕྱིན་པ་དང་། སྒྲུབ་གཉེར་དུས་ཚོད་ལས་ཉིན་16.1ནས་12.4བར་ཉུང་དུ་ཕྱིན་པ། སྲིད་དོན་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་སྒྲུབ་གཉེར་བྱེད་ཚད་100%ཟིན་པ་བཅས་བྱུང་ནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ལྗོངས་ཡོངས་ཀྱི་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་སྤྱི་འབོར་ཁྲི་49.26ཟིན་ནས་ཐོ་འགོད་མ་རྩ(མ་དངུལ)སྒོར་དུང་ཕྱུར་2.37ཟིན་པ་དེ་དུད་མཚུངས་ལས་13.18%དང་3.54%སོ་སོར་འཕར་ཏེ་ཚོང་གཉེར་ཁོར་ཡུག་སྒྱུར་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
ཚོགས་འདུའི་ཐོག་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་རྒྱབ་ཤ་དཀར་པོའི་དེབ(2023)》དང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་རྒྱབ་ཤ་སྔོན་པོའི་དེབ(2023)》ཡོངས་བསྒྲགས་བྱས་པ་དང་། “རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་སྒྱུར་བཅོས་ཀྱི་དཔེ་མཚོན་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་པ། རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཡིད་རྟོན་དང་ཚོང་གཉེར་ཁོར་ཡུག་གཏོད་པའི་ཁྱབ་ཁོངས་ཀྱི་མཛོད་ནང་ཚུད་པའི་རིགས་གཅིག་མཁས་ཅན་ལ《རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཡིད་རྟོན་དང་ཚོང་གཉེར་ཁོར་ཡུག་གཏོད་པའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་གདན་ཞུའི་ཡི་གེ》སྤྲད་པ་རེད།