དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་ལས་ཀའི་རྒྱུན་བསྐྱངས་ནས། ས་མཐོར་བྱས་རྗེས་གསར་པ་འཇོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-25

    2015ལོར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ལས་སྔོན་ཆད་ཀྱི་དུས་ཐུང་དང་ཁ་ཐོར་གྱི་སྨན་བཅོས་བོད་སྐྱོར་གྱི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་ལེགས་ཆའི་ཚན་ཁག་དབར་སྤེལ་རེས་ལས་སྟེགས་བཙུགས་པས་རང་ལྗོངས་ཀྱི་ནད་པས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་མ་ཟད། “ནམ་ཡང་གནས་ཐུབ་པའི”སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཅིག་བཏོད་ཡོད།

    འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་མཁན་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་ནད་ལྕིའི་གསོ་རིག་ཚན་ཁག་གི་སྨན་པ་དཀའ་བཅུ་པ་གཞོན་པ་ཝང་པིན(དཀྱིལ)གྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་པ་དང་མཉམ་དུ་ནད་པར་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།