དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་ཐག་གཅོད། དཔེ་མཚོན་ལམ་སྟོན་བཅས་མཐའ་འཁྱོངས་བྱེད་པ།

    ལྷོ་ཁས“མཐའ་འཁྱོངས་གསུམ”ལ་བརྟེན་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་དམ་འཛིན་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-25

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། གྲུབ་འབྲས་གཞན་སྒྱུར་དང་རྗེས་སྙེག་ཕན་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ། སྡེ་ཁུལ་བཅོས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་ཧུར་ཐག་བསྒྱུར་ཡོད།

    དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཤིང་། སྣེ་གདོང་ཆུས་ཀྱིས“ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི‘སྣེ་གདོང་གི་བྱ་ཐབས’འཚོལ་ཞིབ་བྱས་ཏེ། ཟ་ར་སྡེ་ཁུལ་ཚོད་ལྟ་ཁུལ་དུ་བྱས་པའི་སྔོན་ཐོན་ལག་ལེན་གྱི་ཉམས་མྱོང་ལ་ཞིབ་འཇུག་བྱེད་པ”ཞིབ་འཇུག་བྱ་གཞིར་བྱས་ནས་བརྟག་ཞིབ་བྱས་པ་དང་། “མཉམ་དུ་ཏང་འཛུགས་སྐྱོང”དང“དྲ་མིག་ལེགས་གཏོང” “དཔུང་ཁག་སྟོབས་ཆེར་གཏོང་བ” “དམངས་བདེ་དམངས་ཕན”“བརྡ་གཏོང་ཐོ་འགོད” “རིག་ནུས་ལས་སྟེགས”བཅས་ཕྱོགས་དྲུག་ནས་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་བཅོས་སྐྱོང་ཁྲོད་གཞི་རིམ་ཏང་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་ཁྲོད་གྲོང་ཁྱེར་དེང་རབས་ཅན་གྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད། འཕྱོངས་རྒྱས་རྫོང་གིས“ཤ་ཚལ་སྒོང་གསུམ”གི་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་དང་གནད་དོན་གྱི་ཞན་ཆར་དབྱེ་ཞིབ་བྱས་ནས། ཐག་གཅོད་བྱ་ཐབས་བཏོན་པ་དང་། ཤང་གྲོང་དར་རྒྱས་ཀྱི“རྫོང་རེར་ཐོན་ལས་རེའི”ཐོན་ལས་གཙོ་བོ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་སྐྱེད་སྲིང་བྱས་ཏེ་ས་མཐོའི་དེང་རབས་ཞིང་ལས་ཀྱི་དཔེ་མཚོན་ཧུར་ཐག་བཏོད་ཡོད།

    གནད་དོན་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་བརྒྱུད་རིམ་དོ་དམ་ལ་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྒྱ་ཚ་རྫོང་གིས་སྟར་ཁའི་ལྡུམ་རར་གཡོག་བྱེད་དང་། སྟར་ཁ་འདེབས་འཛུགས་ལག་རྩལ། སྟར་ཁའི་སྣུམ་འཚོང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སྟར་ཁའི་ཐོན་ལས་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་བཟོས་ནས། གནའ་བོའི་སྟར་སྡོང་3675ཡི་ཆ་འཕྲིན་གྲངས་གཞི་ཆ་འཕྲིན་མ་ལག་ནང་བཅུག་སྟེ། ཆེད་མངགས་ཀྱི“རྩ་གཉིས་ཨང་རྟགས”བཟོས་པས་དོ་དམ་བྱེད་བདེ་པོ་ཡོད། གོང་དཀར་རྫོང་གིས་གྲོང་གསེབ་དར་རྒྱས་དང་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུར་དམིགས་ནས“མཚན་མོ་དང་། གྲོང་གསེབ། དྲ་བ་བཅས་དབར་གྱི”ཕྱོགས་གསུམ་ཐད་ནས་ཕྱོགས་བསྡུས་གཅིག་གྱུར་གྱི་འཆར་འགོད་བྱས་ཏེ་དབྱེ་ཞིབ་དང་བརྟག་ཞིབ་གཏིང་ཟབ་བྱས་པས“དབར་གསུམ་གྱི་དཔལ་འབྱོར”ཐག་གཅོད་ཇུས་གཞི་གྲུབ་པ་དང་འབྲེལ། དེར་གཞིགས་ནས་མཚན་མོ་དང་། གྲོང་གསེབ། དྲ་རྒྱ་བཅས་དབར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བྱ་ཐབས་བཏོན་ནས། དུས་མཚམས་ཧྲིལ་པོར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་ཚད་མཐོ་རུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    དཔེ་མཚོན་ལམ་སྟོན་མཐའ་འཁྱོངས་བྱས་ནས་ལྡོག་ཕྱོགས་དང་དྲང་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེའི་དབྱེ་ཞིབ་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཤིང་། སྣ་དཀར་རྩེ་རྫོང་གིས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ལམ་རྒྱུད་དེ་གཞི་རིམ་བཅོས་སྐྱོང་གི་འགག་རྩའི་གནས་ཤིག་ཏུ་བརྩིས་ནས“ས་ཚིགས་སུ་བཅའ་སྲུང་དང་། ལམ་ཐིག་ཏུ་སྐོར་གཡེང་། སྤྱི་ཡོངས་ལ་དོ་དམ་ཚོད་འཛིན། དྲ་ཐོག་ནས་ལྟ་ཞིབ་ཚད་ལེན”བཅས་ཀྱི་ལམ་སྲོལ་བཞི་འཚོལ་ཞིབ་བྱས་ནས་བཙུགས་ཏེ་མཛེས་ལྗོངས་ཁུལ་ལ་དོ་དམ་སྔར་བས་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད། ལྷོ་བྲག་རྫོང་གིས་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་ཆེ་རུ་ཇི་ལྟར་གཏོང་རྒྱུའི་ཐད་བརྟག་ཞིབ་བྱས་ནས“ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་གནས་རེས་སྐོར་ལ་ཤུགས་སྣོན་རྒྱག་པ་དང་། གཅེས་སྐྱོང་བྱེད་ཤུགས་ཆེ་རུ་དང་སེམས་ཁུར་བྱེད་པ། དཔྱད་ཞིབ་བྱེད་ཤུགས་ཆེ་རུ་དང་ལས་བགོས་ལེགས་སུ་གཏོང་བ། འཆར་གཞི་བཟོ་བ་དང་གནད་སྨིན་གསོ་སྦྱོང་བྱེད་པ”བཅས་ཕྱོགས་བཞིའི་ཐད་ནས་ལས་བྱེད་པ་དང་ལས་བཟོའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱས་ཡོད། ལྷུན་རྩེ་རྫོང་གིས་རི་ཐང་གྲོང་རྡལ་བོད་སྙིང་གྲོང་ཚོའི་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་དག་ཐེར་རིམ་སྤོར་ལས་དོན་ལ་བརྟག་ཞིབ་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཉུང་ཤས་ནུས་མེད་ཟབ་ཟོབ་ཡིན་པ་དང་ཞིང་འབྲོག་པའི་ཏང་ཡོན་ཁག་གཅིག་གིས་ནུས་པ་མངོན་གསལ་དོད་པོ་བཏོན་མི་ཐུབ་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།