དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-25

    2023ལོར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་གི་འགན་འཁྲིའི“གནད་འགག”དེར་དམ་པོར་དམིགས་ནས། རྒྱུན་རྣམ་ཅན་གྱི་ཏང་འཛུགས་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་མ་ལག་བཙུགས་ཏེ“འཁོར་འབྲེལ་ཧྲིལ་པོའི”ལས་ཀའི་རྣམ་པ་ཆགས་པར་བྱས་ནས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་རང་སྟོབས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྤྱིའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཡོད།

    ཏང་ཀྲི་པུའུ་འགའ་ཞིག་གིས་ཏང་འཛུགས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། 《ལས་ཁུངས་ཏང་འཛུགས་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་པའི་ལས་ཀའི་བྱེད་ཐབས》ཆེད་མངགས་བཟོས་ཏེ་བཀྲམ་པ་དང་འབྲེལ། ཏང་དོན་ལས་བྱེད་པའི་ཁྲོད་སྤྱི་ཁྱབ་ལྟ་སྐུལ་བ་1དང་ལྟ་སྐུལ་བ་5གཏན་འཁེལ་བྱས་ཤིང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་འབྲེལ་གཏུག་ཁུལ་5དབྱེ་ནས་འགན་ནུས་དང་འགན་འཁྲི་ཁ་གསལ་བཟོས་པ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ནང་དོན“ཞིབ་བཤེར་བདུན”ཞིབ་ཚགས་སུ་བཏངཡོད། ལྟ་སྐུལ་མཛུབ་ཁྲིད་ཀྱི་གསལ་ཐོ་བཟོས་ནས་སྙན་ཞུ་ཉན་པ་དང་། ཚོགས་འདུར་ཟུར་ཞུགས། ས་གནས་ས་ཐོག་ཏུ་བཅར་འདྲི། བཞུགས་མོལ་ཤེས་རྟོགས། སྐབས་བསྟུན་ཟུར་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་དང་། ཏང་ཀྲི་པུའི་བྱེད་སྒོ་ཁང་ཚད་ལྡན་ཅན་སྐྲུན་པ། ཏང་འཛུགས་སྐྱོང་གི་དུས་ཚིགས་གསལ་ཐོ་དོན་འཁྱོལ།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་གནད་དོན་གསལ་པོ་ཤེས་རྟོགས་དང་གནད་དོན་གྱི་ཚུར་ལན་སྤྲད་དེ། ལས་ཁུངས་ཏང་འཛུགས་སྐྱོང་གི་འགན་འཁྲི་དང་ལས་འགན་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་ཡོད།

    ཏང་ཀྲི་པུའུ་འགའ་ཞིག་གིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ཐད“གང་ཞིག་དམ་འཛིན་བྱེད་དགོས་པ་དང་དམ་འཛིན་ཇི་ལྟར་བྱེད་དགོས་པ”གསལ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ལས་ཁུངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་བཀོད་སྒྲིག་དང་བསྡུར་ནས། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་བཅོས་སྒྲིག་གི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ལས་ཁུངས་ཏང་འཛུགས་སྐྱོང་གི་ཆེད་དོན་བཅོས་སྒྲིག་གི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ་མ་ཟད། དུས་ཚིགས་རེར་ཏང་འཛུགས་སྐྱོང་གི་དུས་ཚིགས་ཀྱི་ལས་འགན་གསལ་ཐོ་བཟོས་ནས་བཀྲམ་སྟེ“འཛུགས་སྐྱོང་ཆེན་པོ་དྲུག”གི་ཞིབ་ཕྲའི་ལས་འགན་ཁག་110བཟོས་པ་དང་། ལེགས་སྒྲུབ་དུས་ཚོད་དང་དེ་བཞིན་འགན་འཁྲིའི་སྡེ་ཚན་ཁ་གསལ་བཟོས་པ་དང་འབྲེལ“ཞིབ་བཤེར་དང་། བལྟ་བ། ཉན་པ”བཅས་ཀྱི་བྱེད་ཐབས་ཐོག་ནས། ཏང་འཛུགས་སྐྱོང་གི་དུས་ཚིགས་གསལ་ཐོ་ལེགས་སྒྲུབ་བྱས་ཚུལ་ལ་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་བྱེད་པ་དང་། གནད་དོན་གྱི་རྩིས་ཁྲ་བཟོ་བ། དག་ཐེར་ནན་ཏན་ལ་ལྟ་སྐུལ་བཅས་བྱས་ནས། ཏང་འཛུགས་སྐྱོང་གི་འགན་འཁྲི་མུ་མཐུད་ནན་དུ་གཏོང་བ་དང་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།