ལྷོ་ཁས་ཁྲལ་དོན་གྱི་ཞབས་འདེགས་ཚགས་ཚུད་པོ་ཞུས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།
2023ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཞབས་འདེགས་ཚགས་ཚུད་པོ་ཞུས་ནས་ཁྲལ་གྲོན་སྲིད་ཇུས་གནད་སྨིན་ངང་འོས་སྦྱོར་བྱས་པ་དང“འབྲེལ་གཏུག་བྱེད་མི་དགོས་པའི”ཞབས་འདེགས་དང་ཁྲལ་གཉེར་སྟབས་བདེ་རུ་བཏང་སྟེ་ཁེ་ལས་ཀྱི་ཁྲལ་དོན་གཉེར་བར་སྟབས་བདེ་བསྐྲུན་པ་རེད།
ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“སྲིད་ཇུས་ཀྱིས་མི་འཚོལ་བའི”ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས“ཡར་ཀླུང་eཁྲལ”གྱི་ཁྲལ་བསྡུའི་ཁེ་ལས་ཀྱི་འབྲེལ་གཏུག་ལས་སྟེགས་བཏོད་དེ་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་དུས་ཐོག་ཏུ་ཁྱབ་གདལ་བཏང་ཞིང་། མིག་སྔའི་བར་ལས་སྟེགས་དེར་ས་གནས་དེ་གའི་ཁེ་ལས་6000ལྷག་ཙམ་ཞུགས་ཡོད་པ་རེད། དེ་དང་ཆབས་ཅིག་ལྷོ་ཁའི་ཁྲལ་དོན་སྡེ་ཚན་གྱིས་ལས་སྒོའི་རྐང་འཛིན་གྱི་ཁྲལ་གྲོན་འགྲེལ་བཤད་དང་བླངས་ཚོགས་པ་བཙུགས་ནས་རང་རྟེན་ཁྲལ་གཉེར་སྤྱོད་སྣེ་དང་། གློག་རྡུལ་ཁྲལ་འཛིན་ཞབས་ཞུའི་ལས་སྟེགས། དྲ་ཐོག་ཁྲལ་དོན་ཅུས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་སྣེ་སོགས་ཀྱི“འབྲེལ་གཏུག་བྱེད་མི་དགོས་པའི”ཁྲལ་གཉེར་ཞབས་ཞུའི་ཐབས་ལམ་ཡངས་སུ་བཏང་ནས་ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་མཁན་ཚོས་དྲ་ཐོག་ནས་ཁྲལ་འབྲེལ་ལས་སྒོ་གཉེར་བར་སྟབས་བདེ་བསྐྲུན་ཡོད་པ་རེད། མཚོ་སྨད་རྫོང་ནས་ནག་རྩམ་པ་ལས་སྣོན་མཉམ་ལས་ཁང་གི་ནོར་དོན་པ་ཚེ་དབང་དོན་གྲུབ་ཀྱིས“དྲ་ཐོག་ནས་ཁྲལ་འབྲེལ་ལས་སྒོ་གཉེར་བར་སྟབས་བདེ་པོ་འདུག ད་དུང་ཁྲལ་དོན་ལས་དོན་པས་ང་ཚོར་འགྲེལ་བཤད་རྒྱག་གི་འདུག”ཅེས་བཤད།
གཞན་ཡང་། ལྷོ་ཁའི་ཁྲལ་དོན་སྡེ་ཚན་གྱིས“སྡེབ་གྲོན་རྣམ་པའི”ཞབས་འདེགས་ཁྱབ་གདལ་བཏང་བ་བརྒྱུད། ཁེ་ལས་བཙུགས་ནས་ཐོ་འགོད་པ་ནས་ཁྲལ་བསྡུའི་ཚོད་འཛིན་སྒྲིག་ཆས་དང་འཛིན་ཤོག་ལེན་པའི་བར་གྱི་དུས་ཚོད་དེ་སྔའི་ཉིན་2ནས་ཆུ་ཚོད་2བར་ཐུང་དུ་བཏང་སྟེ་ཁྲལ་གྲོན་མང་པོ་ཟླ་སྒྲིལ་བཏང་ནས་རེའུ་མིག་གཅིག་གིས་རེ་ཞུ་ཐུབ་པས། ཁྲལ་འཇལ་བའི་དུས་ཚོད་30%ཡན་ཐུང་དུ་ཕྱིན་ནས་ཁྲལ་བསྡུའི་དོ་དམ་བྱེད་སྟངས་གཞན་སྒྱུར་རིམ་སྤོར་ལས་ཁྲལ་འཇལ་བར་སྟབས་བདེ་གང་ལེགས་བྱུང་ཡོད་པ་རེད།