དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མང་ཚོགས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་བྱེད་ཐབས་སློབ་སྦྱོང་དང་འཇོན་ཐང་ཆེ་རུ་གཏོང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲུང་དབྱིན།   |     སྤེལ་དུས།  2024-01-25

    “འདུ་འགོད་ཁྲི་སྟོང”ནང་འདུས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ལས་ཀའི་བྱེད་ཐབས། སྐུལ་འདེད་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱོད་བྱས་ནས“གཞི་རིམ་དུ་སྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་སློབ་སྦྱོང་དང་ཁྱབ་གདལ་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ་དང“གནད་དོན་གཅིག་ལ་དབྱེ་ཞིབ”བྱས་ཏེ“གནད་དོན་རིགས་གཅིག་ཐག་གཅོད”བྱེད་པར་སྐུལ་འདེད་གཏོང་བ་ལ་སོགས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་དགོངས་པ་གལ་ཆེན་དེའི་འཇིག་རྟེན་གྱི་ལྟ་བ་དང་། བརྟག་ཐབས་སྨྲ་བ་དང་དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་ཡོད།

    ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ནི་ང་ཚོས་གནད་དོན་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པའི“ལྡེ་མིག་གཙོ་བོ”རེད། ང་ཚོའི་ཏང་ཆེན་པོ་འདི་འདྲ་ཞིག་གིས་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་གི་འགོ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། ངེས་པར་དུ་ཡང་དག་པའི་ཐབས་ཤེས་མཐའ་འཁྱོངས་དང་འཇོན་ཐང་ཆེན་པོ་ལྡན་དགོས། དུས་རབས་གསར་པ་ཤར་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་ཡག་པོ་དེ་འདྲ་བྱུང་དོན་གྱི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པར་ཐུག་ཡོད། “གནད་སྨིན་དབུལ་སྐྱོར”གྱི་འདུ་ཤེས་བཏོན་ནས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་ཁྲིད་སྟོན་བྱས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། ཁྱོན་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་དང་ལག་བསྟར་བྱས་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུ་ལམ་བརྒྱུད་རླབས་གཤགས་མདུན་སྐྱོད་ལ་ཁྲིད་སྟོན་བྱས་པ་སོགས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས“ཆུ་བོ་སྒྲོལ་བའི”ལས་འགན་བཀོད་སྒྲིག་བྱས་ཡོད་ལ། “ཟམ་པའམ་གྲུ་གཟིངས”ཀྱི་གནད་དོན་ཐག་གཅོད་བྱེད་པར་ཡང་མཛུབ་ཁྲིད་བྱས་ཏེ་ང་ཚོས་རང་སྣང་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པར་བསམ་བློའི་མཚོན་ཆ་རྣོ་པོ་མཁོ་འདོན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་མཁོ་འདོན་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མང་ཚོགས་ལམ་ཕྱོགས་ནི་རང་རེའི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན་པ་དང་། རང་རེའི་ཏང་གིས་ནམ་ཡང་ལང་ཚོའི་གསོན་ཤུགས་དང་འཐབ་འཛིང་གི་སྟོབས་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ཕ་ནོར་རྩ་ཆེན་ཞིག་རེད”ཅེས་བསྟན་གནང་བ་དང་། “མང་ཚོགས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། མཐའ་དག་མི་དམངས་ཀྱི་ཆེད་དུ་དང་མཐའ་དག་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་དེ་ཐོག་ནས་མི་དམངས་ནི་ལོ་རྒྱུས་གསར་གཏོད་ཀྱི་རྩ་བའི་སྒུལ་ཤུགས་ཡིན་པའི་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་མངོན་པ་དང་། “མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བའི”བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་མཚོན་ཡོད། བྱ་གཞག་རླབས་པོ་ཆེ་གང་རུང་ཞིག་ལེགས་འགྲུབ་ཡོང་བར་ངེས་པར་དུ་མི་དམངས་ཀྱི་ཁྲོད་ནས་གཞི་རྩ་འཚོལ་བ་དང་། མི་དམངས་ཀྱི་ཁྲོད་ནས་སྟོབས་ཤུགས་གཅིག་སྡུད། མི་དམངས་དང་མཉམ་དུ་ལེགས་འགྲུབ་བཅས་བྱེད་དགོས་ཀྱི་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་ཤིང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བརྗིད་ཆགས་ཉམས་ལྡན་གྱི་བྱ་གཞག་ཅིག་ཀྱང་རེད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་དེར་དམ་པོར་དམིགས་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ཡོངས་མཉམ་དུ་ཞུགས་པ་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་མཐའ་འཁྱོངས་བྱས་ནས་མི་དམངས་ཁྲོད་གནས་པའི་འཛད་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཚེ་གཞི་ནས་བརྗིད་ཆེའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ།

    མང་ཚོགས་ཀྱི་ལག་ལེན་ནི་ཕུན་སུམ་ཚོགས་ཤོས་དང་གསོན་ཉམས་དོད་ཤོས་ཀྱི་ལག་ལེན་ཞིག་ཡིན་པ་དང་། མང་ཚོགས་ཀྱི་ཁྲོད་དུ་བློ་གྲོས་དང་སྟོབས་ཤུགས་ཧ་ཅང་ཆེན་པོ་བསྡུས་ཡོད། “འགོ་ཁྲིད་ལ་ཆུ་ཚད་དགོས་པ་དང་ཆུ་ཚད་དེ་གང་ནས་བྱུང་ངམ། ཆུ་ཚད་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་ངོས་འཛིན་དང་དེ་ཁོང་དུ་ཆུད་པ་ལས་བྱུང་བ་དང་། དེས་ན་ཆོས་ཉིད་རང་བཞིན་གྱི་དངོས་པོ་ནི་རྒྱ་ཆེའི་མང་ཚོགས་ཀྱི་ལག་ལེན་ཁྲོད་གནས་ཡོད”དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད། “སན་མིང་སྨན་བཅོས་ལམ་ལུགས་སྒྱུར་བཅོས”ལ་དམིགས་ནས་རྒྱལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་གིས་སྨན་རྫས་དང་ཟད་གྲོན་རྒྱུ་ཆའི་རིན་གོང་འཕར་མ་མེད་པར་བཟོས་པ་དང་། སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་དེ་བས་མང་བར་སྨན་པ་བསྟེན་པར་དཀའ་ངལ་མི་འཕྲད་པ་སོགས་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། ལག་ལེན་ཁྲོད་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་དགོས། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས། རྩེ་རིམ་ཇུས་འགོད་དང་ཆུ་ལ་དཔགས་ནས་རགས་རྒྱག་པ་ཕན་ཚུན་མཐུན་སྦྱོར་མཐའ་འཁྱོངས་བཅས་བྱས་ཏེ། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་ནས་ཉམས་མྱོང་གསར་པ་ཕྱོགས་སྡོམ་དང་གསར་གཏོད་ཀྱི་བློ་གྲོས་བསྡུ་ལེན་ལ་མཐོང་ཆེན་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ཆོས་ཉིད་དེ་བས་ལེགས་པའི་ངང་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།