དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཡོའི་དུས་གཏན་མེ་འཁོར(ཀྲེང་ཀྲོའུ)གྱིས་2024ལོའི་རླངས་འཁོར་གྱི་ལྷུ་ལག་ཐེངས་དང་པོ་དབོར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-24

    འདི་ནི་ཧོ་ནན་ཀྲེང་ཀྲོའུ་རུ་ཀྲུང་ཡོའི་དུས་གཏན་མེ་འཁོར་X8003ནང་རླངས་འཁོར་གྱི་ལྷུ་ལག་བྱུར་བུར་བླུགས་ནས་ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཕུའུ་ཐེན་བབས་ཚུགས་ནས་ཐོན་བཞིན་པ།

    2024ལོའི་ཟླ་1ཚེས་19ཉིན། རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་གྱི་ལྷུ་ལག་དང་། འཁོར་ལོ། རྐུབ་སྟེགས་ཀྱི་ལྷུ་ལག་སོགས་དངོས་ཟོག་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་X8003ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཕུའུ་ཐེན་བབས་ཚུགས་ནས་ཐོན་ཏེ་འཇར་མན་གྱི་གྲོང་ཁྱེར་མུའུ་ཉི་ཧེ་རུ་བཏང་བ་དེ་ནི་2024ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར(ཀྲེང་ཀྲོའུ)བཏང་ཚུན་གྱི་རླངས་འཁོར་གྱི་ལྷུ་ལག་དབོར་ཐེངས་ཐོག་མ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།