དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་དཔྱིད་གསར་དུས་ཆེན་གྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་བསུ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-24

    འདི་ནི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས། ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཅང་ཡུང་རྫོང་གི་དམངས་སྲོལ་རིག་གནས་ཁྲོམ་གཞུང་དུ་ལོ་གསར་གྱི་རྣམ་པ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་མི་རྣམས་ཀྱིས་རིག་གནས་ཁྲོམ་གཞུང་དུ་ཇའི་བྲོ་བ་མྱོང་བཞིན་པ། (ཧོ་ཧུང་ཧྥུའུ་ཡིས་པར་བརྒྱབ)

    དུས་ཡུན་ཉིན་8ཀྱི་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་ཟླ་2ཚེས་10ཉིན་ནས་འགོ་འཛུགས་རྒྱུ་ཡིན་ཞིང་། དེ་ནི་2024ལོའི་གནམ་ལོ་གསར་ཚེས་རྗེས་ཀྱི་ངལ་གསོའི་དུས་ཚོད་རིང་ཤོས་དེ་ཡིན་པ་དང་། དེས་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཚ་རླབས་འཕྱུར་བར་སྣེ་ཁྲིད་ཀྱིས་2024ལོའི་ཀྲུང་གོའི་དཔལ་འབྱོར་སྟོབས་ཆེར་འགྲོ་བར་འགོ་ཡག་པོ་ཞིག་འཛུགས་རྒྱུ་རེད།

    རིགས་གཅིག་མཁས་ཅན་གྱིས་ངོསའཛིན་བྱས་དོན་ཟིན་ཐོ་བཏོད་པའི་ཡུལ་སྐོར་གྱི་དགོས་མཁོ་སྐོང་རྒྱུར་བསམ་བློ་བཏང་ན་འདི་ལོའི་དཔྱིད་གསར་དུས་ཆེན་ནི་ཉེ་བའི་ལོ་ཤས་རིང་གི་འཁྲུག་ཆ་དོད་ཤོས་ཀྱི་དཔྱིད་གསར་དུས་ཆེན་ཞིག་ཡིན་སྲིད་པ་དང་། དེ་ཐོག་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པའི་འཛད་སྤྱོད་པའི་གདེང་ཚོད་ཀྱང་མཚོན་ཐུབ།

    ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། 2024ལོའི་དཔྱིད་གསར་དུས་ཆེན་རིང་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཟིན་ཐོ་བཏོད་དེ་མི་ཐེངས་ཁྲི་8000ལ་སླེབས་རྒྱུ་ཡིན་པ་དེ་2019ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་9.8%འཕར་བ་དང་2023ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་44.9%འཕར་རྒྱུ་རེད། 2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་26ནས་ཟླ་3ཚེས་5ཉིན་བར་ཁྱོན་ཉིན་40ཡིན་པ་རེད།

    —— 《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།