དབུ་ཤོག
  • གནས་སྐབས་ཁྲོམ་གཟིགས་སྒང་ལམ་དུམ་དུ་སྒེར་འཁོར་གཏོང་གི་མི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-01-23

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་འཚམས་སུ་ལོ་གསར་གྱི་མཁོ་ཆས་ཉོ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གྲོང་ཁུལ་རྙིང་པའི་པེ་ཅིང་དཀྱིལ་ལམ་གྱི་ཁྲོམ་གཟིགས་སྒང་ཉེ་འགྲམ་དུ་མི་དང་མོ་ཊ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པས། འགྲོ་ལམ་ཡང་སེ་འགག་པའི་གནས་ཚུལ་ཐོན་གྱི་ཡོད། དེར་བརྟེན། འགྲོ་ལམ་ཤར་གཏོང་ཐུབ་པར་འགན་ལེན་བྱེད་པ་དང་། གྲོང་མི་མང་ཚོགས་ཚོར་བདེ་འཇགས་དང་། ཤར་གཏོང་། ཞི་མཐུན། གོ་རིམ་ལྡན་པ་བཅས་ཀྱི་ཕྱིར་སྐྱོད་ཁོར་ཡུག་ཅིག་གཏོད་པ། རྒྱ་ཆེའི་གྲོང་མི་རྣམས་དུས་བདེ་དང་ཞི་མཐུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་བར་འགན་ལེན་བཅས་བྱ་ཆེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་གྲོང་མི་ཚོར་དྲན་སྐུལ་ཞུ་དོན།

    གཅིག པེ་ཅིང་དཀྱིལ་ལམ་གྱི་ཁྲོམ་གཟིགས་སྒང་ལམ་དུམ་དུ་ལོ་གསར་གྱི་མཁོ་ཆས་ཉོ་བར་སྐྱོད་མཁན་གྱི་གྲོང་མིས་གང་ཐུབ་ཅི་ཐུབ་ཀྱིས་སྤྱི་པའི་འགྲིམ་འགྲུལ་ལ་ཞུགས་རོགས།

    གཉིས། གལ་ཏེ་རྡོ་སེང་གེ་ལམ་དང་། པེ་ཅིང་ནུབ་ལམ། མཁར་རྔ་གདོང་ལམ་སོགས་བརྒྱུད་པེ་ཅིང་དཀྱིལ་ལམ་གྱི་ཁྲོམ་གཟིགས་སྒང་ལམ་གྱི་ནུབ་ངོས་སུ་སྐྱོད་པ་དང་། ཡང་ན་གླིང་སྐོར་ཤར་ལམ་དང་། གླིང་རྒྱུད་ལམ། རྔ་ཆེན་ལམ། ཀརྨ་དགོན་གསར་ལམ་སོགས་བརྒྱུད་པེ་ཅིང་དཀྱིལ་ལམ་གྱི་ཁྲོམ་གཟིགས་སྒང་ལམ་གྱི་ཤར་ངོས་སུ་སྐྱོད་སྐབས་སྒེར་འཁོར་གཏོང་མཁན་ཚོས་ཅང་སུའུ་ལམ་དང་གླིང་སྐོར་ལམ་ནས་སྐྱོད་རོགས།

    གསུམ། འགྲོ་ལམ་རྒྱ་ཆེན་པོ་དེ་ཙམ་མེད་པ་དང་མོ་ཊ་འཇོག་ས་མང་པོ་མེད་པར་བརྟེན། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་པེ་ཅིང་དཀྱིལ་ལམ་གྱི་ཁྲོམ་གཟིགས་སྒང་ལམ་དུམ་དུ་སྐྱོད་མཁན་གྱི་སྒེར་འཁོར་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན།

    བཞི། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་གྲོང་མི་ཕྱིར་སྐྱོད་སྐབས་འགྲིམ་འགྲུལ་སྒྲིག་སྲོལ་ཡག་པོ་བསྲུངས་ཏེ་བདེ་འཇགས་དང་ཡ་རབས་ལྡན་པའི་སྒོ་ནས་ཕྱིར་སྐྱོད་པ་དང་། འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་དགོས། སྐབས་འཕྲལ་གྱི་སྟབས་བདེའི་ཆེད་དུ་མིས་འཁོར་རིགས་འགྲོ་ས་ནས་སྐྱོད་པ་དང་འཁོར་རིགས་གཏོང་མཁན་གྱིས་མོ་ཊ་གང་བྱུང་དུ་འཇོག་པ་སོགས་མི་བྱེད་པའི་འབོད་སྐུལ་བྱེད་ཀྱི་ཡིན།

    ལྷན་རྒྱས་ཀྱིས་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་ཏེ་སྟབས་མི་བདེ་བ་བྱུང་ཚེ། བསམ་ཤེས་གནང་རོགས་ཞུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།