དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀོང་ཤིས་ནས་ད་ལོའི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལོ་གསར་མཁོ་ཆས་སྐྱེལ་འདྲེན་མེ་འཁོར་དང་པོ་དེ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-23

    འདི་ནི་ཆིན་ཀྲོའུ་བབས་ཚུགས་སུ་ལྗིད་འདེགས་འཕྲུལ་འཁོར་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་ཟོག་བླུགས་པའི་དོས་སྒམ་དབོར་བཞིན་པ།

    ཉེ་ཆར། ཁམ་ཕུ་ཁྲེའི་འབྲས་དང་ཐེ་ལན་གྱི་བེ་ཏའི་ཁུ་བ་་སོགས་བཟའ་བཅའ་བྱུར་བུར་བླུགས་པའི་ཀོང་ཤིས་ཀྱི་2024ལོའི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་ལོ་གསར་མཁོ་ཆས་སྐྱེལ་འདྲེན་མེ་འཁོར་དང་པོ་དེ་ཀོང་ཤིས་ཆིན་ཀྲོའུ་གྲུ་ཁའི་བབས་ཚུགས་ཤར་མ་ནས་ཐོན་ཏེ་ཉིན་གཉིས་སོང་རྗེས་ཁྲུང་ཆིང་མཐུན་སྒྲིལ་གྲོང་གི་བབས་ཚུགས་དང་ཁྲེང་ཏུའུ་ཁྲེང་ཤང་བབས་ཚུགས་སུ་འབྱོར་ནས་ས་གནས་དེའི་ལོ་གསར་གྱི་མཁོ་ཆས་ཁྲོམ་རར་འདོན་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།