དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཚ་ལུ་མ་ཕྱིར་གཏོང་ལས་ལ་བྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-23

    འདི་ནི་ཀྲུང་གོའི་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་ལུའུ་ཀྲའེ་རྫོང་སི་ཕའེ་གྲོང་རྡལ་ནཱ་ཏང་གྲོང་ཚོར་གྲོང་མི་ཚོས་བཏུས་མ་ཐག་པའི་ཚ་ལུ་མ་སི་རའི་ནང་བླུགས་ནས་དབོར་རྩིས་བྱེད་བཞིན་པ།

    མིག་སྔར། ཀྲུང་གོའི་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་ལུའུ་ཀྲའེ་རྫོང་གིས་བཏབ་པའི་ཚ་ལུ་མ་འཐུ་མང་བའི་དུས་སུ་སླེབས་པ་དང་རྒྱལ་ནང་གི་མཁོ་མཁན་གྱི་མངགས་ཐོ་འབྱོར་བ་ཕུད། ས་གནས་དེ་གའི་ཉོ་སྒྲུབ་ཚོང་པར་ཨུ་རུ་སུ་དང་ཧ་སག་སི་ཐན་སོགས་རྒྱལ་ཁབ་ཀྱི་ཕྱིར་གཏོང་མངགས་ཐོ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད་པ་རེད། ཉིན་ཤས་བསྟུད་མར་ཤིང་འབྲས་འདེབས་མཁན་ཞིང་པ་ཚོས་དུས་ཚོད་དམ་འཛིན་གྱིས་ཚ་ལུ་མ་འཐུ་བ་དང་རླངས་འཁོར་ནང་བླུགས་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་མཁོ་འདོན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།