དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐེ་ལན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་གསར་པ་འཕྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-23

    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཅིན་རུའོ། སུན་ཀོང་ཡུང་།

    “ང་ནི་ཐེ་ལན་བྱང་རྒྱུད་ཀྱི་རི་ཁུལ་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་ཡིན། ཀྲུང་གོའི་ཁེ་ལས་སུ་ལས་ཀ་བྱས་པས་ངའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང”ཞེས་ལོ་35ལ་སླེབས་པའི་ནུང་ནུའུ་ཡིས་གསར་འགོད་པར་བཤད། ནུང་ནུའུ་དང་ཁྱོ་ག་གཉིས་ཀ་ཐེ་ལན་གྱི་རྒྱལ་ས་པང་ཁོག་གི་ཤར་ལྷོའི་སྤྱི་ལེ་100ལྷག་ཙམ་གྱི་སར་ཡོད་པའི་ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་དུ་ལས་ཀ་བྱེད་ཀྱི་ཡོད། ཁོང་གཉིས་ནི་གླིང་ནང་གི་ཁེ་ལས་རྒྱུན་སྤྱོད་མ་རྐང་ཡན་ལག་ཀུང་སི་རྒྱུན་སྤྱོད་འགྱིག་རྫས(ཐེ་ལན)ཚད་ཡོད་ཀུང་སིས་གདན་ཞུ་བྱེད་སྔ་ཤོས་ཀྱི་སྐྱེ་ཁུངས་ཐེ་ལན་ནས་ཡིན་པའི་ལས་མིའི་གྲས་ཤིག་རེད།

    “ལས་ཞུགས་དང་ཕྱིར་གཏོང་བྱས་ནས་ཕྱི་དངུལ་གསོག་པར་སྐུལ་ཁྲིད་ནུས་ལྡན་བྱས་པ”

    ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་དུ་སྐྱོད་སྐབས་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་ཅིང་། དེ་གར་གཞུང་ལས་ཐོག་ཁང་དང་། བཟོ་ཁང་། མཛོད་ཁང་བཅས་མང་པོ་ཡོད། རླངས་འཁོར་དང་སྦག་སྦག་གི་ལྷུ་ལག་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། རིག་ནུས་ཁྱིམ་ཆས། འཕྲུལ་ཆས་གློག་རྡུལ་སོགས་ཁྱབ་ཁོངས་ཚུད་ཅིང་། དེ་གར་བཅའ་སྡོད་ཀྲུང་གོའི་ཁེ་ལས་250ཙམ་ཡོད་པ་དག་གིས་རིམ་རྩིས་བརྒྱབ་ན། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་300ལྷག་ཙམ་བཏོད་ཡོད།

    ཉེ་བའི་ཟླ་ཤས་རིང་། ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་གི་ཙུང་ཚའེ་ཀྲའོ་པིན་ལས་བྲེལ་ཧ་ཅང་ཆེ་ཞིང་། བྲེལ་བ་ཆེ་ཤོས་ཀྱི་སྐབས་སུ་ཉིན་གཅིག་ལ་རྟོག་ཞིབ་བྱེད་པར་ཡོང་མཁན་ཁེ་ལས་བཅུ་གྲངས་ལ་སྣེ་ལེན་ཞུ་དགོས་ཀྱི་ཡོད། “2023ལོར་རྟོག་ཞིབ་བྱེད་པར་སླེབས་པའི་ཁེ་ལས་700ལྷག་ཙམ་ཟིན་ཞིང་། མིག་སྔར་ཀྲུང་གོའི་ཁེ་ལས་30ཙམ་གྱིས་གླིང་ཁུལ་གྱི་རྣམ་གྲངས་ཁུལ་གཉིས་པར་ཐོ་འགོད་བྱས་ཡོད” ཅེས་ཀྲའོ་པིན་གྱིས་བཤད།

    ཀྲའོ་པིན་གྱིས་བཟོ་སྐྲུན་ལས་རིགས་ནི་གླིང་ཁུལ་གྱི་ཚོང་འགུགས་ཀྱི་གཙོ་གནད་དམིགས་ཚད་ཅིག་ཡིན། ད་ཆ་གླིང་ཁུལ་གྱིས་རྣམ་གྲངས་ཁུལ་གཉིས་པ་གསར་སྤེལ་བྱེད་མགྱོགས་སུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལེ་ལག་ཚང་དུ་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ས་ཞིང་གཤིན་པོར་ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་དེ་ཉིད་མྱུ་གུ་འབུས་ནས་འཚར་ལོངས་བྱུང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་རྗེས་གླིང་ཁུལ་འཕེལ་རྒྱས་སྔར་ལས་མགྱོགས་པོ་བྱུང་ཞིང་། མིག་སྔའི་བར་གླིང་ཁུལ་དུ་བཅའ་སྡོད་བྱས་པའི་ཁེ་ལས་ཀྱིས་སྐུལ་ཁྲིད་བྱས་པ་བརྒྱུད། ཀྲུང་གོས་ཐེ་ལན་ལ་མ་དངུལ་བཏང་བའི་གྲངས་འབོར་ཨ་སྒོར་དུང་ཕྱུར་48ལྷག་ཙམ་ཟིན་པ་དེས། ཀྲུང་གོས་ཐེ་ལན་གྱི་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱས་པའི་བསྡུར་གྲངས་བཟུང་ཚད་40%ལས་བརྒལ་ནས་ཀྲུང་ཐེའི་ཐོན་ནུས་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད།

    “འདི་གར་ལས་ཀ་རག་པས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ”

    རུན་དབྱང་འོད་ཤུགས་ཚན་རྩལ(ཐེ་ལན)ཚད་ཡོད་ཀུང་སི(གཤམ་དུ“རུན་དབྱང་འོད་ཤུགས”ཞེས་བསྡུ་རྒྱུ)ནི་2020ལོར་ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་དུ་བཅའ་སྡོད་བྱས་པའི་འོད་ཤུགས་ཁེ་ལས་ཤིག་རེད།

    ལོ་29ལ་སླེབས་པའི་ཐེ་ལན་གྱི་ཕོ་གཞོན་ཁྲ་ཡུས་ཕུང་2022ལོར་པེ་ཅིང་སློབ་ཆེན་ཐོན་ནས་རང་རྒྱལ་ཁབ་ལ་ལོག་རྗེས་རུན་དབྱང་འོད་ཤུགས་ལ་ལས་ཀར་ཞུགས། ཁོང་གིས་ཀུང་སི་དེའི་མཐུན་སྒྲིལ་མཛའ་གྲོགས་ཀྱི་རྣམ་པར་ཧ་ཅང་དགའ་པོ་ཡོད། “ཐོག་མར་སླེབས་སྐབས་རང་ཉིད་ལས་ཀར་རྒྱུས་མངའ་དེ་ཙམ་མེད། སྐབས་འདིར་ལས་མི་རྒན་གྲས་མང་པོས་རང་འགུལ་ངང་རོགས་རམ་བྱས་བྱུང་ལ། ཀུང་སིས་ཀྱང་ང་ལ་འཚར་ལོངས་ཀྱི་བར་མཐོངས་ཆེན་པོ་མཁོ་འདོན་བྱས་བྱུང”ཅེས་དང་ཕྱིས་སུ་ངས་ལས་ཀའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས་བཏོན་པའི“འཛུགས་སྐྲུན་ཐོན་སྐྱེད་ཀྱི་ཉམས་བཟོ་སྙན་སེང་མ་ལག”སྐོར་གྱི་གྲོས་འགོ་ཀུང་སིས་དང་ལེན་བྱས་པ་དང་མིག་སྔར་མ་ལག་ཞིབ་འཇུག་གསར་སྤེལ་བྱེད་ཚད་80%ཟིན་ཡོད་ཅེས་ཁྲ་ཡུས་ཕུང་གིས་སྤོབས་སེམས་ཆེན་པོས་བཤད།

    2020ལོའི་ཟླ་དང་པོར་རྒྱུན་སྤྱོད་མ་རྐང་ཡན་ལག་ཀུང་སིའི་རྒྱུན་སྤྱོད་འགྱིག་རྫས་ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་དུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། ལོ་ཁ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད་ཁེ་ལས་ཀྱི་བྲིན་ཚོང་དྲ་བ་བརྟན་པོའི་ངང་རྒྱ་སྐྱེད་ཕྱིན་པ་དང་། ལོ་ལྟར་རླངས་འཁོར་གྱི་འཁོར་ལོ་ཆ་ཚང་ཐོན་སྐྱེད་བྱེད་ཚད་ཁྲི་730ཟིན་ནས། ཐོན་སྐྱེད་དང་བྲིན་ཚོང་གཉིས་ཀ་དར་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཁའེ་ཡིས་ཀུང་སིའི་ཐོན་རྫས་གཙོ་བོ་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མང་པོའི་མངགས་ཐོ་མི་ཉུང་བའང་ཡོད་ཅེས་ངོ་སྤྲོད་བྱས།

    “ཐེ་ལན་གྱི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་བསྣན་པ”

    2023ལོ་ཚུན་དུ་ཀྲུང་གོ་ནི་ལོ་10བསྟུད་མར་ཐེ་ལན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་ཞིང་། 2022ལོར་ཀྲུང་གོ་དང་ཐེ་ལན་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1350ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3%འཕར་ཡོད། 2022ལོར་ཀྲུང་གོ་འདི་ཉིད་སླར་ཡང་ཐེ་ལན་གྱི་ཕྱི་རྒྱལ་གྱི་མ་དངུལ་ཡོང་ཁུངས་ཆེ་ཤོས་སུ་གྱུར་ཡོད། “ཐེ་ཀྲུང་གིས‘རྒྱུད་གཅིག་ལམ་གཅིག’མཉམ་དུ་སྐྲུན་པའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཏེ། ཀྲུང་གོའི་ཁེ་ལས་དེ་བས་མང་པོ‘ཤར་རྒྱུད་ཀྱི་དཔལ་འབྱོར་བར་ཁྱམས’འཛུགས་སྐྲུན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་ལ། ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོའང་འཕྲད་ཡོད”ཅེས་ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐང་ལུང་ཀུང·ཝུའུ་སེན་ཐི་ལན་ཀུའུ་ཡིས་བཤད།

    “ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ཞིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་གཉེན་ཉེ་ལྟར་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད”ཅེས་དང་ཐེ་ལན་ལ་ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་ཡོད། སླད་ཕྱིན་ཀྲུང་གོའི་ཁེ་ལས་དེ་བས་མང་བ་དང་མཉམ་ལས་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་མཉམ་སྐྲུན་དང་རྒྱལ་ཁབ་གཉིས་པོའི་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་ཐེ་ལན་གྱི་ཙུང་ལི་སའེ་ཐ་ཡིས་བཤད།

    ཐེ་ལན་ཁྲིམས་སྲིད་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཨ་སུང་ཤིས་ཀྱིས“ཤར་རྒྱུད་ཀྱི་དཔལ་འབྱོར་བར་ཁྱམས”འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སྦྲེལ་མཐུད་ཡག་པོ་བྱེད་པ་དང་དེ་བཞིན་ཀྲུང་གོའི་མ་འཇོག་དང་། ཚོང་དོན། ལག་རྩལ་བཅས་ལ་བརྟེན་ནས་ཐེ་ལན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན། དེ་ལས་ཐེ་ལན་གྱི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་སྣོན་ཐུབ་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།