དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་མཐུན་རྐྱེན་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-23

     ཉིན་ཤས་གོང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པ་དེས་འཛམ་གླིང་ལ་མཐུན་རྐྱེན་དེ་བས་མང་བ་བསྐྲུན་རྒྱུ་རེད་ཅེས་བརྗོད།

    “ཉིན་ཤས་གོང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2023ལོའི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་གྲངས་གཞི་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི་ལོ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.2%འཕར་ནས་ན་ནིང་ལོ་འགོར་གཏན་འཁེལ་བྱས་པའི་སྔོན་དཔག་དམིགས་ཚད་ལས་མཐོ་བ་ཡོད” མའོ་ཉིང་གིས་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་པ་གསལ་བཤད་གང་ལེགས་བྱས་ཡོད། འཛམ་གླིང་གི་ངོས་ནས་བརྗོད་ན། མ་མཐར་ཡང་ཕྱོགས་གསུམ་ཐད་ཕན་པ་ཆེན་པོ་ཐོབ་ཡོད་ཅེས་བརྗོད།

    “གཅིག་ནི་འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་མཁོ་འདོན་བྱས་པ” མའོ་ཉིང་གིས་2023ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྒོར་དུང་ཕྱུར་ཁྲི་6ལས་བརྒལ་བ་དེ་རྒྱལ་ཁབ་འབྲིང་གྲས་ཤིག་གི་ལོ་གཅིག་གི་དཔལ་འབྱོར་བསྡོམས་འབོར་དང་ཧ་ལམ་མཚུངས་ཡོད། རྒྱལ་སྤྱིའི་དངུལ་རྩའི་གླེང་སྟེགས་ཀྱི་སྙན་ཞུ་ལས་མངོན་པར། 2023ལོར་ཀྲུང་གོའི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་32%ཟིན་ཞིང་། དེ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་དེ་རེད་ཅེས་བརྗོད།

    “གཉིས་ནི་འཛམ་གླིང་གི་དཔལ་འབྱོར་ལ་བརྟན་པོའི་རང་བཞིན་མཁོ་འདོན་བྱས་པ” མའོ་ཉིང་གིས་ཀྲུང་གོའི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ཡུན་རིང་གི་འཕེལ་རྒྱས་ཁྲོད་ལེགས་ཤིང་བརྟན་པའི་གཞི་གདན་ཞིག་ཆགས་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་ཞན་པའི་རྒྱབ་ལྗོངས་འོག་ཀྲུང་གོའི་ནང་མཁོ་བརྟན་པ་དང་། དངུལ་ལོར་འགྲེམས་ཐལ་ཤོར་བའི་དམའ་གནས་རྒྱུན་འཁྱོངས། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་14བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལྡོག་འཕར་བྱུང་བ་བཅས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་ཡོང་བའི་རྒྱབ་རྟེན་དུ་གྱུར་ཡོད་ཅེས་བརྗོད།

    “གསུམ་ནི་འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་གསར་པ་མཉམ་སྤྱོད་བྱས་པ” མའོ་ཉིང་གིས་མིག་སྔར་ཀྲུང་གོའི་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱིའི་མི་འབོར་དུང་ཕྱུར་4ལས་བརྒལ་བ་དང་སླད་ཕྱིན་ལོ་བཅུ་གྲངས་རིང་དུང་ཕྱུར་8ཟིན་ནས་གོ་ལ་ཧྲིལ་པོའི་སྤྱིའི་དགོས་མཁོ་ཆེ་རུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་ཐུབ་ངེས་རེད། ཀྲུང་གོ་ནི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོ་ཡིན་པ་དང་སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་7.3%བར་ཆག་སྟེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་དར་རྒྱས་ཁོངས་མིའི་ཆུ་ཚད་དང་ཧ་ལམ་མཚུངས་ཡོད། ཉེ་བའི་ལོ་ལྔའི་རིང་ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་ཐད་ཀར་མ་དངུལ་བཏང་ནས་ཕན་འབྲས་ཐོན་ཚད་9%ཙམ་ཟིན་ཏེ་རྒྱལ་སྤྱིའི་ཐོག་ཆུ་ཚད་མཐོ་ཙམ་གྱི་གནས་སུ་སླེབས་ཡོད། ཀྲུང་གོའི་ཁྲོམ་ར་ནི་འཛམ་གླིང་གི་ཐུན་མོང་མཉམ་སྤྱོད་ཀྱི་ཁྲོམ་ར་ཆེན་པོར་གྱུར་ཡོད་ཅེས་བརྗོད།

    “ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་པ་དེས་འཛམ་གླིང་ལ་ཕན་པ་དེ་བས་མང་བ་ཐོབ་རྒྱུ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དེ་བས་ལེགས་སྐྱེས་མང་བ་འབུལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་མའོ་ཉིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།