དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པེ་ཅིང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་གསུམ་བསྟུད་མར་སྒོར་དུང་ཕྱུར་ཁྲི་3ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-01-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། པེ་ཅིང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་གསུམ་བསྟུད་མར་སྒོར་དུང་ཕྱུར་ཁྲི་3ལྷག་ཙམ་ཟིན་ཞིང་། པེ་ཅིང་འགག་སྒོ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2023ལོར་པེ་ཅིང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་3.65ཟིན་པ་དེ་2022ལོ་ལས་0.3%འཕར་བའི་ཁྲོད་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་3.05ཟིན་པ་དེ་ལོ་གོང་མ་དང་མཚུངས་པ་དང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་6000.1ཟིན་ནས་2%འཕར་ཡོད།

    པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་ནས་བལྟས་ཚེ། 2023ལོར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་5.03བྱས་ནས་ལོ་གསུམ་བསྟུད་མར་འཕར་བཞིན་ཡོད་པའི་ཁྲོད་ནང་འདྲེན་གྱིས་རྒྱལ་ཡོངས་ཀྱི་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་གཉིས་བཟུང་ཞིང་། དེས་རང་རྒྱལ་གྱི་འབྲུ་རིགས་དང་། མ་བཅོས་རྡོ་སྣུམ། རང་བྱུང་སོལ་རླངས། གནམ་གྲུ་བཅས་ནང་འདྲེན་བྱེད་ཚད་ཀྱི་ཕྱེད་ཀ་ཡན་བཟུང་ཡོད་ལ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱིས་རླངས་འཁོར་ནང་འདྲེན་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་ནང་འདྲེན་བསྡོམས་འབོར་གྱི་གསུམ་ཆ་གཉིས་བཟུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།