དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཞུ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-23

     གསར་འགོད་པར་ཟླ་1ཚེས་12ཉིན་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཉེ་དུས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ནས། ཞིང་ཆེན་དེ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ནས་རྣམ་པ་སྣ་ཚོགས་ཀྱི་ལས་ཞུགས་ཞབས་འདེགས་ཞུས་པ་རེད། དེའི་རིང་ཞིང་ཆེན་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན་རིགས་ཁག་གི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་80ལྷག་ཙམ་སྒྲིག་འཛུགས་བྱས་ནས་མི་སྤྱོད་ཚན་པ་847དེའི་ནང་ཞུགས་ཏེ་ལས་ཞུགས་ལས་གནས་ཁྲི་3.6ལྷག་ཙམ་མཁོ་འདོན་བྱས་པར་མི་1037གྱི་ལས་ཞུགས་ཀྱི་འདུན་པ་གྲུབ་པ་དང་། ཐད་གཏོང་ལས་གནས་དང་། ལས་ཞུགས་མཛུབ་ཁྲིད། སྲིད་ཇུས་སྒྲོག་འགྲེལ་བཅས་ཐེངས་88སྤེལ་བར་མི་ཐེངས་ཁྲི་17ལྷག་ཙམ་གྱིས་དྲ་བའི་ཐད་གཏོང་ལ་བལྟས་པ་རེད།

    བྱེད་སྒོ་སྤེལ་རིང་ཆེད་ལས་ཅན་དང་། སྒྲིག་སྲོལ་ཅན། ཆུང་གྲས་ཅན་བཅས་ཀྱི་ས་གནས་ས་ཐོག་གི་ལས་མི་བསྡུ་བའི་འདུ་འཚོགས་སྤེལ་བར་སྣང་ཆེན་བྱས་ནས་བརྙན་ལམ་ལས་མི་བསྡུ་བ་དང་། ཐད་གཏོང་ལས་གནས། དྲ་ཐོག་སྦྲེལ་མཐུད་སོགས་དྲ་ཐོག་ཞབས་ཞུའི་བྱེད་སྒོ་སྤེལ་ཐེངས་མང་དུ་བཏང་ཡོད། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ཀྱིས“ལས་གནས་ཀྱིས་མ་འོངས་པར་ཁྲིད་སྟོན་བྱེད་པའི”དྲ་ཐོག་ལས་མི་བསྡུ་བའི་བྱེད་སྒོ་ལག་བསྟར་བྱེད་པར་སྒྲིག་འཛུགས་ཧུར་ཐག་བྱས་ནས་གཅིག་སྡུད་ཡོངས་བསྒྲགས་དང་། འགུལ་རྣམ་དོ་དམ། དུས་ཐོག་ཏུ་ལས་མི་བསྡུ་བའི་ལས་གནས་ཆ་འཕྲིན་གསར་བརྗེས་བཅས་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གཞུང་ཕྱོགས་སྦྲེལ་མཐུད་ཀྱི་ལས་ཞུགས་འཆར་གཞི་བཟོས་ནས་ཁེ་ལས་ལ་ཤེས་ལྡན་པ་བསྡུ་བ་དང་སློབ་ཐོན་སློབ་མ་ལས་ཀ་འཚོལ་བར་ཉིན་མཚན་དབྱེར་མེད་ཀྱི་དྲ་ཐོག་སྦྲེལ་མཐུད་ལས་སྟེགས་བཏོད་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་པའི་དགོས་མཁོའི་དཀར་ཆག(2023ལོ་ནས་2025ལོ་བར)》བྱེད་སྒོའི་གཙོ་གནད་དྲིལ་བསྒྲགས་འོས་སྦྱོར་གྱི་ནང་དོན་དུ་བཅུག་ནས། ལས་གནས་ཀྱི་མཁོ་སྤྲོད་སྔར་བས་རྒྱ་ཆེར་གཏོང་བ་དང་། “མཚོ་སྔོན་གྱིeལས་ཞུགས”ཐད་གཏོང་ལས་གནས་ལས་སྟེགས་བརྒྱུད“མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་སྟེགས”བཏོད་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པའི“དྲ་སྤྲིན་ངོ་འཕྲད་གྲོས་མོལ”ལ་རམ་འདེགས། “ལས་རིགས་ཀུན་ལ་ཁྱབ་པའི་མཚོ་སྔོན”གྱི་བརྙན་ཐུང་བཏོན་ནས་ལས་རིགས་མཛུབ་ཁྲིད་ཀྱི“སློབ་ཁང་ཆུང་ངུའི”བརྙན་ལམ་རབ་དང་རིམ་པ་ཕབ་བཟོ་དང་། ལས་གནས་ཀྱི་ཐོན་ཁུངས་ལེགས་སུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སློབ་ཐོན་སློབ་མ་དང་དེ་བཞིན་དེའི་ཁྱིམ་བདག་ལ་ཆ་འཕྲིན་ཐོབ་པར་སྟབས་བདེ་ཧུར་ཐག་སྐྲུན་པ་དང་མི་དང་ལས་གནས་དབར་གྱི་མཐུན་སྦྱོར་གནད་སྨིན་ལ་སྔར་བས་སྐུལ་འདེད་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།