སྤུ་ཧྲེང་རྫོང་གིས་འགྱིག་ཤོག་དྲོད་ཁང་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ།
འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཞིང་ལས་ཐོན་ལས་གླིང་གི་ལས་དོན་པས་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་བཞིན་པ།
སྤུ་ཧྲེང་རྫོང་ཞིང་ལས་ཐོན་ལས་གླིང་གིས“ཀུང་སི་+མཉམ་ལས་ཁང་+ཞིང་དུད”འཕེལ་རྒྱས་ཀྱི་རྣམ་པར་གཞིགས་ནས། ཀུང་སིས་ཁྲོམ་རའི་བྱེད་པོ་བྱས་པས་ཀུང་སིས་འཛུགས་སྐྲུན་དང་། དོ་དམ། གཉེར་སྐྱོང་བཅས་གཅིག་གྱུར་མངོན་འགྱུར་བྱུང་ཡོད། མིག་སྔར་ཐོན་ལས་གླིང་དེར་ནུས་ཆེའི་འགྱིག་ཤོག་དྲོད་ཁང་21དང་ཉི་འོད་འགྱིག་ཤོག་དྲོད་ཁང་103ཡོད་པ་དང་2023ལོར་ནུས་ཆེའི་འགྱིག་ཤོག་དྲོད་ཁང་4གསར་པ་བརྒྱབ་ཡོད། ཞིང་ལས་ཐོན་ལས་གླིང་གིས་ད་དུང་སྤུས་ལེགས་ཀྱི་རྩྭ་དང་རྩི་ཤིང་འདེབས་འཛུགས་དང་། སྐྱེ་ལྡན་ཤིང་འབྲས་དང་ཚལ་རིགས་འདེབས་འཛུགས་ཁྱབ་གདལ་བཏང་བའི་ཁར། སྐྱེ་ཁམས་གླིང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ལས་ཀྱི་དཔེ་སྟོན་གླིང་ཁུལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་དུ་གྱུར་ཡོད།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཞིང་ལས་ཐོན་ལས་གླིང་དུ་སྐྱོད་སྐབས་སྤུ་ཧྲེང་རྫོང་སྐྱིད་ཐང་གྲོང་མི་ཨུ་ལྷན་རྡོ་ས་ཚོགས་ཆུང་གི་མང་ཚོགས་ཀུན་བཟང་ལྷ་མོ་པད་ཚལ་ལ་གཡོག་བྱེད་བྱེད་བཞིན་འདུག
“ཐོན་ལས་གླིང་དུ་ལས་ཀ་བྱས་པ་ནས་བཟུང་། ངས་ཚལ་རིགས་དང་ཀྭ་རིགས་འདེབས་འཛུགས་སྐོར་གྱི་ལག་རྩལ་མི་ཉུང་བ་ཞིག་ཤེས་པ་མ་ཟད། ད་དུང་ཉིན་གླ་སྒོར་200ལེན་རྒྱུ་ཡོད་པས། ཐག་རིང་དུ་ལས་ཀར་འགྲོ་མི་དགོས་པར་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་སོང”ཞེས་ཀུན་བཟང་ལྷ་མོས་བརྗོད།
སྤུ་ཧྲེང་རྫོང་ཞིང་ལས་ཐོན་ལས་གླིང་གིས“ཀུང་སི་+མཉམ་ལས་ཁང་+ཞིང་དུད”འཕེལ་རྒྱས་ཀྱི་རྣམ་པར་གཞིགས་ནས། ཀུང་སིས་ཁྲོམ་རའི་བྱེད་པོ་བྱས་པས་ཀུང་སིས་འཛུགས་སྐྲུན་དང་། དོ་དམ། གཉེར་སྐྱོང་བཅས་གཅིག་གྱུར་མངོན་འགྱུར་བྱུང་ཡོད། ཐོན་ལས་གླིང་གིས་གྲོང་ཚོའི་ཚོགས་ཆུང་གི་ས་ཞིང་མུའུ་390ཀུང་སིར་བོགས་མར་བཏང་ཡོད། དེ་དང་ཆབས་ཅིག ས་རྒོད་དང་གྲམ་ཐང་ཀུང་སིར་རྩིས་སྤྲད་ནས་སྐྱེ་ཁམས་གླིང་འདེབས་འཛུགས་བྱེད་དུ་བཅུག་པ་དང་ནགས་ལས་ཀྱི་བདག་དབང་གྲོང་ཚོའི་ཚོགས་ཆུང་ལ་དབང་བས་བེད་མེད་ས་ཆ་རིན་ཐང་ལྡན་པར་གྱུར་པ་དང་། ཐོན་ལས་དང་ལས་ཞུགས་སྤྱི་འདོམས་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་ཡོད།
སྤུ་ཧྲེང་རྫོང་ཞིང་ལས་ཐོན་ལས་གླིང་གིས་གཏོར་ཆུ་གཏོང་བ་དང་། ཐིགས་ཆུ་གཏོང་བ། མདོང་ཆུ་གཏོང་བ་སོགས་ཀྱི་ལས་ཕྱོད་ཆེ་ལ་ཆུ་གྲོན་ཆུང་ཐུབ་པའི་ཆུ་འདྲེན་ལག་རྩལ་སྤྱད་པ་དང་། ལྗོངས་ཕྱིའི་སྤུས་ལེགས་ཀྱི་ཀྭ་རིགས་དང་། སྔོ་ཚལ། མེ་ཏོག སྨན་རྒྱུ་སོགས་ནང་འདྲེན་བྱེད་པ། ཐན་འགོག་དང་གནོད་འབུ་འགོག་ཆེ་བའི་སྤུས་ལེགས་ཀྱི་ཤིང་སོན་འདེབས་པ། ཆེད་ལས་ལག་རྩལ་པ་གདན་དྲངས་ནས་མང་ཚོགས་ལ་དངོས་སྤྱོད་ལག་རྩལ་དམར་ཁྲིད་བཅས་བྱས་པས། མི་རིགས་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭའི་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་ཕྱིན་པ་དང་ཆབས་ཅིག་སྤུ་ཧྲེང་རྫོང་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་དང་དེང་རབས་ཅན་ལ་སྐུལ་འདེད་ཀྱང་ཐུབ་ཡོད།
ཐོན་ལས་གླིང་དེར་ནུས་ཆེའི་འགྱིག་ཤོག་དྲོད་ཁང་21དང་ཉི་འོད་འགྱིག་ཤོག་དྲོད་ཁང་103ཡོད་པ་དང་2023ལོར་ནུས་ཆེའི་འགྱིག་ཤོག་དྲོད་ཁང་4གསར་པ་བརྒྱབ་པ་རེད། དཔྱིད་ཀ་སྔོ་ཚལ་འདེབས་པ་དང་། དབྱར་ཁ་ཤིས་ཀྭ་དང་མངར་ཀྭ་འདེབས་པ། སྟོན་ཁ་ཞོག་ཁོག་དང་ལ་ཕུག་སོགས་འདེབས་ཀྱི་ཡོད། འགྱིག་ཤོག་དྲོད་ཁང་ནང་བཏབ་པའི་ཞིང་ལས་སྐྱེ་དངོས་ཀྱི་ཁ་མདོག་ལེགས་ལ་བྲོ་བ་ཞིམ་པ་དང་། འཚོ་བཅུད་ཆེ་བས་ས་གནས་དེ་གའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ཀྱི་ཐོན་ལས་ཤིག་ཆགས་ཡོད། དེ་དང་ཆབས་ཅིག ཐོན་ལས་གླིང་གིས་ད་དུང་སྤུས་ལེགས་ཀྱི་རྩྭ་དང་རྩི་ཤིང་འདེབས་འཛུགས་དང་། སྐྱེ་ལྡན་ཤིང་འབྲས་དང་ཚལ་རིགས་འདེབས་འཛུགས་ཁྱབ་གདལ་བཏང་བའི་ཁར། སྐྱེ་ཁམས་གླིང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ལས་ཀྱི་དཔེ་སྟོན་གླིང་ཁུལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་དུ་གྱུར་ཡོད།
སྤུ་ཧྲེང་རྫོང་ཞིང་ལས་ཐོན་ལས་གླིང་གིས་སྤུ་ཧྲེང་རྫོང་ཏང་ཨུད་དང་སྲིད་གཞུང་གི་ཁྲིད་སྟོན་དང་རོགས་རམ་འོག ཤིང་འབྲས་དང་ཚལ་རིགས་འདེབས་འཛུགས་ཀྱི་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་ཀྱི་འདེགས་སྐྱོར་དང་ལག་རྩལ་ཞབས་ཞུ་སོགས་ཀྱི་ཐད་ཤུགས་བརྒྱབ་སྟེ། ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་དང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས། དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་གཞི་རྟེན་དུ་བྱེད་པ། ཞིང་པས་ཐོན་སྐྱེད་བྱེད་སྟངས་འགྱུར་བར་ཁྲིད་སྟོན་བཅས་བྱས་ཡོད། ཐོན་ལས་གླིང་གིས་ལོ་ལྟར་ས་གནས་དེ་གའི་མང་ཚོགས་ལ་རིན་མེད་ངང་འགྱིག་ཤོག་དྲོད་ཁང་དང་། སོན། ལག་རྩལ་ཞབས་ཞུ་སོགས་མཁོ་འདོན་བྱས་ནས་ཚང་མར“འགྱིག་ཤོག་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་གཏོང་བར་རོགས་རམ་བྱས་པས། གྲོང་གསེབ་ཀྱི་གྲོང་མིའི“ཤ་ཚལ་སྒོང”གསུམ་དང་ཤིང་འབྲས་ཀྱི་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད་གྲོང་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཏེ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཐོན་ལས་གླིང་དེས་ས་གནས་དེ་གའི་མཉམ་ལས་ཁང་གི་ཁོངས་མི་དང་གྲོང་མིར་ཁྱོན་འགྱིག་ཤོག་དྲོད་ཁང་120ལྷག་ཙམ་བསྐྲུན་ནས་ཁེ་བཟང་ཚང་མ་མཉམ་ལས་ཁང་གི་ཁོང་མིར་དབང་བར་བྱས་པས་ལོ་ལྟར་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་60ལྷག་ཙམ་ཡོང་བར་རོགས་རམ་བྱས་ཡོད།
ད་ཆ“འགྱིག་ཤོག་དཔལ་འབྱོར”འདེབས་འཛུགས་དུད་ཚང་གི་ཕྱུག་འགྱུར་ཐབས་ལམ་ལ་གྱུར་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མའི་གནད་དོན་ཐག་གཅོད་ཀྱང་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཏན་ཏིག་ངང་ཆེ་རུ་ཕྱིན་པས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།