དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་དུ་རླུང་གློག་ཐང་ཆེ་ཤོས་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-22

     འདི་ནི་ཀྲུང་གོའི་བོད་ལྗོངས་ནག་ཆུ་འོ་མ་དིང་རླུང་གློག་ཐང་ཡིན་པ།

    འཛམ་གླིང་ཐོག་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་རླུང་གློག་ཐང་སྟེ། ཀྲུང་གོ་བོད་ལྗོངས་ནག་ཆུ་འོ་མ་དིང་རླུང་གློག་ཐང་2024ལོའི་ཟླ་1ཚེས་1ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་དང་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཀྲའོ་ཝ་100ཟིན་ཡོད།

    བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་དུ་གནས་པའི་རླུང་གློག་རྣམ་གྲངས་དེར་གློག་གཏོང་འཕྲུལ་འཁོར་རྐྱང་མ་ནས་གློག་གཏོང་ཚད་ཀྲའོ་ཝ་4.0ཟིན་པའི་རླུང་གློག་འཕྲུལ་ཙུའུ་25ཡོད་པ་དང་། དེས་ལོ་ལྟར་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་12ཙམ་མཁོ་འདོན་བྱས་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་6ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་16ཙམ་ཉུང་དུ་ཕྱིན་ཡོད། རླུང་གློག་ཐང་དེའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4650ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.4བཏང་ཡོད།

    རྣམ་གྲངས་དེ་སྤྱོད་འགོ་ཚུགས་པ་ནས་བཟུང་ཀྲུང་གོའི་ས་བབ་མཐོ་བའི་རླུང་གློག་ཞིབ་འཇུག་བཀོལ་སྤྱོད་དང་ས་བབ་མཐོ་བའི་རླུང་གློག་རྣམ་གྲངས་གཞི་ཁྱོན་ཅན་གྱི་སྒོ་ནས་གསར་སྤེལ་བྱེད་པར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད།

    —— ལ་ཏིང་མེ་གླིང་འཕྲིན་གཏོང་ཁང་གི་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།