དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅ་དབན་མྱུར་བགྲོད་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-22

     འདི་ནི་2023ལོའི་ཟླ་12ཚེས་25ཉིན་འགྲུལ་པ་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐའི་ཧ་ལི་མུའུ་མེ་འཁོར་བབས་ཚུགས་ནས་སྐྱོད་བཞིན་པ།

    ཧིན་རྡུ་ཉི་ཞི་ཡའི་ཅ་དབན་མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་བྱས་ནས་ཟླ་བ་གཉིས་ལྷག་ཙམ་སོང་ཞིང་། རིམ་རྩིས་བརྒྱབ་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད། ཅ་དབན་མྱུར་བགྲོད་ལྕགས་ལམ་གྱིས་ཅ་ཁར་ཐ་དང་དབན་ལུང་སྦྲེལ་མཐུད་བྱས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་142ཡོད་པ་དང་མེ་འཁོར་གྱི་མྱུར་ཚད་མགྱོགས་ཤོས་ཆུ་ཚོད་རེར་སྤྱི་ལེ་350ཟིན་ཞིང་། ཅ་དབན་གྲོང་ཁྱེར་གཉིས་སུ་སྐྱོད་སྐབས་དེ་སྔ་ཆུ་ཚོད་3ལྷག་ཙམ་འགོར་བ་ནས་ད་ཆ་སྐར་མ་40ལྷག་ཙམ་ལས་འགོར་གྱི་མེད་པ་རེད།

    ཅ་དབན་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱིས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་པ་དང་འབྲེལ་གོ་སྐབས་གསར་པ་ཡང་མཁོ་འདོན་བྱས་ཡོད། ལོ་27ལ་སླེབས་པའི་ཨར་ལས་བཟོ་སྐྲུན་གྱི་ཆེད་ལས་ཐོན་པའི་སློབ་ཐོན་སློབ་མ་ཅ་ལང་ལ་ཀྲུང་གོའི་གསོ་སྦྱོང་དགེ་རྒན་གྱིས་གཅིག་གཏད་གཅིག་གི་སྦྱོང་བརྡར་བྱས་པ་བརྒྱུད། ཀྲུང་གོ་ལྕགས་ལམ་ཅུས་བཞི་པ་ཚོགས་པའི་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་པུའི་སྤུས་ཚད་ཚོད་འཛིན་གྱི་ལག་རྩལ་ཆེ་མོ་བར་གྱུར།

    ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་ལྷན་ཚོགས་ཀྲུང་གོ་ཨུ་ལྷན་གྱི་ཀྲུའུ་ཞི་ཅ་ལི་པར་ཏི་ཡིས། ཀྲུང་གོའི་སྔོན་ཐོན་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལག་རྩལ་དང་ཧིན་རྡུ་ཉི་ཞི་ཡའི་མེ་འཁོར་ཞབས་ཞུ་བའི་སེམས་རྩ་འཁོལ་བའི་ཞབས་ཞུ་ལས་ཧིན་རྡུ་ཉི་ཞི་ཡའི་ཅ་དབན་མྱུར་བགྲོད་ལྕགས་ལམ་དེ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཏུ་གྱུར་ཡོད།

    —— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།