དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨུ་རུ་སུའི་གྲོང་མིས་ཀྲུང་གོར་ལོ་གསར་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-22

    ཀྲུང་གོ་ནི་ཨུ་རུ་སུའི་མཚོ་འགྲམ་མཐའ་མཚམས་ཁུལ་གྱི་གྲོང་མིས་དགའ་ཤོས་བྱེད་པ་དང་རིན་གོང་ཁེ་ཤོས་ཀྱི་ཡུལ་སྐོར་དམིགས་ས་ཞིག་ཡིན་ཞིང་། ཀྲུང་གོ་དང་བར་ཐག་ཉེ་པོ་ཡོད་པས་འགྲུལ་བཞུད་སྟབས་བདེ་ལ་རིན་གོང་ཡང་ཁེ་པོ་ཡོད། ལོ་ལྟར་དགུན་ཁར། མཚོ་འགྲམ་མཐའ་མཚམས་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གིས་ཀྲུང་གོར་ཡུལ་སྐོར་དུ་ཡོང་བའི་ལས་སྒོ་མང་པོའི་འགན་འཁུར་བཞིན་ཡོད། གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ་ཁུལ་དེའི་གྲོང་མི་མང་པོ་ཞིག་ཀྲུང་གོར་དགུན་ཁའི་གུང་གསེང་གཏོང་བར་ཡོང་ཡོད།

    2023ལོའི་ཟླ་12པའི་ཟླ་མཇུག་ནས་བཟུང་ཀྲུང་གོ་དང་ཨུ་རུ་སུའི་མཐའ་མཚམས་འགག་སྒོར་རླངས་འཁོར་དང་མི་དེ་བས་མང་དུ་ཕྱིན་ཡོད། ཨུ་རུ་སུའི་ཡུལ་སྐོར་བས་དགའ་ཤོས་བྱེད་པའི་ཀྲུང་གོའི་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧར་པིན་གྲོང་ཁྱེར་དང་སུའེ་ཧྥན་ཧོ་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན་གྱི་ཧྲེན་དབྱང་གྲོང་ཁྱེར་དང་ཏ་ལན་གྲོང་ཁྱེར། ཅི་ལིན་ཞིང་ཆེན་གྱི་ཧུའེ་ཁྲུན་གྲོང་ཁྱེར་སོགས་ཡིན་པ་རེད། ཀྲུང་གོས་ཀྱང་ཨུ་རུ་སུའི་སྐུ་མགྲོན་ལ་བསུ་བ་ཞུ་ཆེད་གྲ་སྒྲིག་ཡག་པོ་བྱས་ཡོད་པ་སྟེ། གྲོང་ཁྱེར་མང་པོ་ཞིག་ཏུ་གངས་འཁྱགས་ཀྱི་གྲོང་སྡེ་དང་གངས་བརྐོས་དང་འཁྱགས་བརྐོས་ཀྱི་གཟུགས་རྙན་མང་པོ་བཟོས་ཡོད་པ་དང་། ཟ་ཁང་དང་། ཟོག་ཉོ་ལྟེ་གནས། རོལ་རྩེད་ཁང་བཅས་ཀྱིས་ལོ་གསར་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ལྟ་བས་མི་ངོམ་པའི་ཞིམ་ཟས་དང་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བཀོད་སྒྲིག་བྱས་ཡོད། ཧར་པིན་ནི་ཡུལ་སྐོར་བས་དགའ་ཤོས་བྱེད་པའི་དགུན་དུས་ཀྱི་སྤྲོ་གསེང་གནས་མཆོག་ཅིག་ཡིན་སྲིད། གྲོང་ཁྱེར་འདི་ནི་གངས་འཁྱགས་ཀྱི་གྲོང་སྡེ་དང་དགུན་དུས་ཀྱི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད།

    —— ཨུ་རུ་སུའི་ཤར་ཕྱོགས་སྨྱན་སྦྱོར་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།