དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཉིང་ཞའི་རྒུན་ཆང་འཛམ་གླིང་ས་གནས་ཁག་ལ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-22

    འདི་ནི་ཀྲུང་གོའི་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཧོ་ལན་ཧྲན་རི་བོའི་ཤར་འདབས་སུ་གནས་པའི་ཀྲི་ཧུའེ་ཡོན་ཧྲེ་རྒུན་ཆང་རག་སྙོལ་ཁང་དུ་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་ཀྲུང་གོ་སྲིད་གཞུང་གིས་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཀྲུང་གོའི་རྒུན་ཆང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཐེངས་མང་ཐོབ་ཡོད། ཕྱི་རྒྱལ་གྱི་ཁྲོམ་རར་རྒུན་ཆང་ཕྱིར་གཏོང་བྱེད་པའི་ཐད་ལའང་ཀྲུང་གོར་འཕེལ་རྒྱས་གསར་པ་བྱུང་ཡོད།

    ཀྲུང་གོའི་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ནི་ཀྲུང་གོའི་རྒུན་ཆང་ཐོན་སའི་ས་ཁུལ་གལ་ཆེན་ཞིག་ཡིན་ཞིང་། ས་བབ་མཐོ་ཚད་སྨི་3000ཙམ་ཟིན་པའི་རི་རྒྱུད་ཀྱི་འདབས་སུ་ཉིང་ཞའི་རྒུན་འབྲུམ་འདེབས་ཁྱོན་སྤྱི་ཆིང་ཁྲི་3.9ཙམ་ཟིན་ཡོད། རྒུན་ཆང་བཟོ་གྲྭ་228ཡོད་པ་དང་། རྒུན་ཆང་ཐོན་ཚད་ཀྱིས་ཀྲུང་གོའི་རྒུན་ཆང་ཐོན་ཚད་ཀྱི་ཕྱེད་ཀ་ཙམ་བཟུང་ཡོད།

    ཀྲུང་གོའི་ཉིང་ཞ་ཡི་རྒུན་ཆང་གི་གཞི་ཁྱོན་ཆེ་བ་མ་ཟད། སྤུས་ཚད་ཀྱང་ཡག་པོ་ཡོད་པས་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོར་གཟིགས་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད། རྒུན་འབྲུམ་འདེབས་གསོར་འཚམ་པའི་གནམ་གཤིས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཡོད་པར་བརྟེན་ཉིང་ཞའི་རྒུན་ཆང་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ཀྲུང་གོས་ཉིང་ཞའི་རྒུན་ཆང་དེ་སྤུས་ལེགས་རྒུན་ཆང་ལ་གཏན་འཁེལ་བྱས་ཡོད། གལ་ཏེ་རྒུན་ཆང་འདི་རིགས་ཕྱིར་གཏོང་འབོར་ཆེན་བྱས་ཚེ་གོ་ལ་ཧྲིལ་པོའི་རྒུན་ཆང་ལས་རིགས་ཀྱི“སྤུས་རྟགས”ལ་འགྱུར་སྲིད།

    —— རི་པིན་གྱི་ཕུའུ་ཧྲི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།