དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་ལོ་14བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-21

     ཉིན་ཤས་གོང་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། 2023ལོར་འཕར་སྣོན་བརྟན་པོའི་སྲིད་ཇུས“སྣ་འདུས་ཐབས་བཟང”ལ་ཕན་འབྲས་ནུས་ལྡན་ཐོན་ནས་ལོ་ཧྲིལ་པོའི་གཞི་ཁྱོན་ཡན་གྱི་བཟོ་ལས་གྱི་འཕར་ཐང་དུས་མཚུངས་ལས་4.6%འཕར་ནས་2022ལོ་ལས་བརྒྱ་ཆའི་གྲངས་1གིས་མཐོ་བ་ཡོད་པའི་ནང་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.0%འཕར་བ་དང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་ལོ་14བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།

    བཟོ་ལས་ཐོན་སྐྱེད་བརྟན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ། གཙོ་གནད་ལས་རིགས་ཀྱི་ཐོན་སྐྱེད་སྤྱིའི་ཆ་ནས་ལེགས་པོ་ཡོད་པ་དང་བཟོ་ལས་ཀྱི་ལས་རིགས་ཆེ་གྲས་41ཁྲོད་ལས་རིགས་28འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། གཙོ་གནད་ལས་རིགས་ཆེ་གྲས་བཅུའི་གཞི་གདན་བརྟན་པོ་བྱུང་ནས་ཆ་སྙོམས་འཕར་ཚད་5%ལས་བརྒལ་ཏེ་བཟོ་ལས་དཔལ་འབྱོར་སྤྱི་ཡོངས་ལེགས་སུ་འགྲོ་བར་འདེགས་སྐྱོར་བརྟན་པོ་བྱས་ཡོད། གློག་ཤུགས་འཕྲུལ་ཆས་ཀྱི་ཡོ་བྱད་དང་རླངས་འཁོར་སོགས་ལས་རིགས་ཀྱི་ཐོན་སྐྱེད་གྲངས་གནས་གཉིས་མགྱོགས་མྱུར་འཕར་ཐུབ་པ་བྱུང་ཡོད། ངར་ལྕགས་དང་། མདོག་ལྡན་ལྕགས་རིགས། རྡོ་སྣུམ་རྫས་འགྱུར་སོགས་སྲོལ་རྒྱུན་ལས་རིགས་སླར་གསོ་མགྱོགས་པོ་བྱུང་བ་དང་། དྲ་ཐོག་གི་ལས་རིགས་ལ་འཕེལ་རྒྱས་བྱུང་ནས་ལོ་ཧྲིལ་པོར་3.4%འཕར་ཡོད།

    ཞིང་ཆེན་མང་པོ་ཞིག་གི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་བྱུང་བ། ས་གནས་ཁག་གིས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། ཞིང་ཆེན་མང་ཆེ་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་འཕར་བ་དང་། ཞིང་ཆེན་གྱི་འཕར་བའི་གཞི་ཁྱོན་2022ལོ་ལས་20%ཉེ་བ་འཕར་ཡོད། བཟོ་ལས་ཀྱི་ཞིང་ཆེན་ཆེན་པོ་བཅུས་འགག་རྩའི་འགན་འཁུར་བའི་ནུས་པ་མངོན་གསལ་དོད་པོ་ཡོད་པ་དང་ཐོན་སྐྱེད་ཚང་མ་དུས་མཚུངས་ལས་འཕར་བའི་ཁྲོད་ཞིང་ཆེན་8ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་སྤྱིའི་འཕར་ཚད་ལས་མཐོ་བ་ཡོད་པ་རེད།

    ཁེ་ལས་ཀྱི་ཕན་འབྲས་བརྟན་པོའི་ངང་བསྐྱར་འཕར་བྱུང་བ། 2023ལོའི་ཟླ་11པའི་ཟླ་མཇུག་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྱོང་གུན་ཕོག་ཚད་2023ལོའི་ཟླ་4པ་ནས་བཟུང་ཟླ་8བསྟུད་མར་ཆུང་དུ་ཕྱིན་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་ཟླ་5བསྟུད་མར་བསྐྱར་འཕར་བྱུང་ནས་ཁེ་སྤོགས་ཟླ་4བསྟུད་མར་འཕར་ཏེ་ཁེ་ལས་ཀྱིས་གསར་གཏོད་ཀྱི་མ་དངུལ་འཇོག་རྒྱ་ཆེར་གཏོང་དང་སླར་ཡང་ཐོན་སྐྱེད་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    བཟོ་ལས་ཀྱི་མ་འཇོག་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ཁྲོམ་རའི་སྔོན་དཔག་བརྟན་ཐོག་ལེགས་འཕེལ་བྱུང་བ། 2023ལོའི་ཟླ་11པའི་ཟླ་མཇུག་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲངས་འབོར་ཁྲི་48.3ཟིན་པ་དེ་2022ལོའི་ལོ་མཇུག་ལས་ཁྲི་3.2མང་དུ་ཕྱིན་པ་དང་གཉེར་སྐྱོང་བྱེད་པོ་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་PMIཐོན་སྐྱེད་ཚོང་གཉེར་བྱེད་སྒོའི་སྔོན་དཔག་སྟོན་གྲངས་2023ལོའི་ཟླ་10ནས་བཟུང་ཟླ་3བསྟུད་མར་འཕར་ནས་ལོ་ཧྲིལ་པོའི་སྟོན་གྲངས་སྤྱིར་ན་འགྱུར་མཚམས་ཀྱི་གནད་ལས་མཐོ་བ་ཡོད་པ་དང་བཟོ་སྐྲུན་ལས་རིགས་ཁེ་ལས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་པོའི་ངང་སླར་གསོ་བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།