དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨེ་ཤེ་ཡའི་མཚོ་ཐོག་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་སུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-21

    འདི་ནི་རླངས་འཁོར་ཤར་གཏོང་ཐུབ་པའི་ཧང་ཡུང་མྱུར་བགྲོད་ལམ་ཐིག་གཉིས་ལྡན་གྱི་ཉིང་པོ་དུམ་བུའི་དུས་ཐེངས་དང་པོའི་རྣམ་གྲངས་པིན་ཧའེ་མཉམ་འབྲེལ་ལྟེ་གནས་ཡིན་པ།

    ཉེ་ཆར། ཧང་ཡུང་མྱུར་བགྲོད་ལམ་ཐིག་གཉིས་ལྡན་གྱི་ཉིང་པོ་དུས་ཐེངས་དང་པོའི་ལས་གྲྭར་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། དེས་ཀྱང་ཨེ་ཤེ་ཡའི་མཚོ་ཐོག་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་ཏེ་ཧང་ཡུང་ལམ་ཐིག་གཉིས་ལྡན་གྱི་ཉིང་པོ་དུམ་བུའི་དུས་ཐེངས་དང་པོའི་རྣམ་གྲངས་པིན་ཧའེ་མཉམ་འབྲེལ་ལྟེ་གནས་ལས་གྲྭ་དུས་མཉམ་དུ་ཤར་གཏོང་ཐུབ་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་འདི་ནི་ཧང་ཡུང་མྱུར་བགྲོད་ལམ་ཐིག་གཉིས་ལྡན་དང་ཡུང་ཀྲོའུ་མྱུར་བགྲོད་གཞུང་ལམ་འབྲེལ་མཐུད་བྱེད་པའི་མཚོ་ཐོག་གི་མཉམ་འབྲེལ་སྣོལ་ཟམ་ཞིག་ཡིན་ཞིང་། འཛུགས་སྐྲུན་བྱེད་རིང་འཛུགས་སྐྲུན་ཚོགས་པས་སྔ་རྗེས་སུ་མཚོ་འགག་ཨར་ལས་ཐད་ཀྱི་འཛམ་གླིང་གི་ལག་རྩལ་གྱི་དཀའ་གནད་ཆེན་པོ་གཉིས་ཁྱད་དུ་བསད་ཡོད།

    གཅིག་ནི་མཚོ་འོག་ཏུ་མདོང་ལམ་གདིང་རྒྱུ་དེ་ཡིན་ཞིང་། ལྟེ་གནས་འདིའི་པིན་ཧའེ་སྣོལ་ཟམ་གྱི་མཚོ་འོག་ཏུ་ཁྱོན་མདོང་ལམ་17བཏིང་ཡོད་པ་དེས་རྒྱལ་ནང་གི་མཚོ་འོག་མདོང་ལམ་མང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་དང་བདེ་འཇགས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཅོ་ལྔ་པའི་རྣམ་གྲངས་པུས་སྦལ་མིས་ལེབ་བཤེར་བྱས་ནས་མདོང་ལམ་འདིང་ས་གནད་གཏན་འཁེལ་བྱེད་པའི་བྱ་ཐབས་སྤྱད་དེ་དཀའ་གནད་དེ་བསལ་ཡོད།

    གཉིས་ནི་མཚོ་འོག་ཏུ་ཟམ་གདན་འཛུགས་རྒྱུ་དེ་ཡིན་ཞིང་། རྣམ་གྲངས་སྐྲུན་སའི་མཚོ་ཁོངས་ཀྱི་མཚོ་འོག་ས་ཆ་མང་པོར་བྲག་རྡོ་ཧྲག་ཧྲུག་ཡོད་པས་སྲོལ་རྒྱུན་གྱི་ཨར་ལས་བྱ་ཐབས་སྤྱད་ཚེ་མྱུར་ཚད་འགོར་པོ་ཡོད། ཨར་ལས་པ་ཚོས་རྒྱལ་ཁབ་ཕྱི་ནང་གི་མཚོ་འོག་ཏུ་ཟམ་གདན་འཛུགས་པའི་སྔོན་ཐོན་ཨར་ལས་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱས་པས་ཉིན་གཅིག་ལ་མཚོ་འོག་ཏུ་ཟམ་གདན་རྐང་6འཛུགས་པའི་ཟིན་ཐོ་བཏོད་ཡོད།

    ཧང་ཡུང་ལམ་ཐིག་གཉིས་ལྡན་གྱི་ཉིང་པོ་དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཧང་ཀྲོའུ་མཚོ་ཁུག་ཟམ་ཆེན་དང་ཡུང་ཀྲོའུ་མྱུར་བགྲོད་ཅིན་ཐང་ཟམ་ཆེན་དང་འབྲེལ་མཐུད་ཐུབ་སྟེ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྷོ་རྒྱུད་ནས་ཧྲང་ཧའེ་དང་ཅང་སུའུ་སོགས་ས་ཁུལ་བར་གྱི་ལམ་ཐག་ཐུང་དུ་ཕྱིན་ཏེ་ཧང་ཀྲོའུ་མཚོ་ཁུག་ལམ་རྒྱུད་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།