དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བུ་རྣམ་བྷོ་ཚེ་རིང་གིས།

    མཉམ་ལས་ཁང་གཉེར་རྗེས་འཚོ་བར་རེ་བས་ཁེངས་སོང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲེང་ཧོན་ཉིང་། གསར་འགྱུར་འཕྲིན་སྤེལ་བ། ཐན་ཧྲུན་ཀྲེན།   |     སྤེལ་དུས།  2024-01-21

    ◆ 2021ལོ་ནས་2023ལོའི་བར། ཐང་དཀར་གྲོང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་ཁྱོན་ཁེ་སྤོགས་སྒོར་ཁྲི་760རག་ཡོད།

    ◆ གྲོང་ཚོ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཁོ་ནར་ནོར་ལུག་མགོ་གྲངས་9300ཟིན་ནས་གཞི་ཁྱོན་ངེས་ཅན་ལྡན་པ།

    ◆ ང་རང་མཉམ་ལས་ཁང་གི་ནོར་རྫི་ཡིན་པས་གླ་ཕོགས་བརྟན་པོ་རག་ནས་ནང་མི་ཚོའི་འཚོ་བར་འགན་ལེན་བྱུང་། ལོ་མཇུག་ཏུ་སླེབས་སྐབས་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པས་འཚོ་བ་དངོས་འབྲེལ་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན།

    ངའི་མིང་ལ་བུ་རྣམ་བྷོ་ཚེ་རིང་ཟེར་གྱི་ཡོད། ད་ལོ་ལོ་65ཡིན། སྡོད་ས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་འབྲི་ཆུ་ཤང་ཐང་དཀར་གྲོང་ཚོར་ཡིན། 2023ལོར་ང་ཚོ་ཐང་དཀར་གྲོང་ཚོས་བྱ་བ་བཟང་པོ་མང་པོ་བསྒྲུབས་ཡོད། གླེང་རིན་ཡོད་པ་ཞིག་ལ། ང་ཚོའི་གྲོང་ཚོར་ཕ་ཕྱུགས་དང་བྱ་ཕོ(མཚོ་སྔོན་ས་མཐོའི་བོད་ལུག)ཐོན་སྐྱེད་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་རག་བྱུང་། ལག་ཁྱེར་རག་རྗེས་ང་ཚོ་ཐང་དཀར་གྲོང་ཚོ་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུ་རེད།

    ངས་ཐང་དཀར་གྲོང་ཚོར་ལུག་རྫི་བྱས་ནས་ཧ་ལམ་ལོ་7ཕྱིན་སོང་། རི་ལྡེབས་ཀྱི་ལུག་ཁྱུ་མཐོང་ཐེངས་རེར་ཆུང་དུས་རྩྭ་ཐང་དུ་ལུག་འཚོས་པ་དྲན་གྱི་འདུག ང་རང་གི་དྲན་ཤེས་ལ། ཐང་དཀར་རི་རྒྱུད་མཐོ་དམའ་མི་སྙོམས་པར་མུ་ཁྱུད་ལྟར་འབྲེལ་ཞིང་། ཐང་དཀར་གཙང་པོ་རྒྱུན་ཆད་མེད་པར་རྒྱང་རིང་དུ་བཞུར་བ་དང་། མིག་མདུན་གྱི་ལུག་ཁྱུ་དག་ནི་རྩྭ་ཐང་སྟེང་ལ་བཞད་པའི་མེ་ཏོག་གི་ཚོམ་བུ་ཇི་བཞིན། མི་རྣམས་ལ་ལྷ་སྒྲུང་གི་འཇིག་རྟེན་དུ་སླེབས་པ་ལྟ་བུའི་སྣང་བ་སྟེར་གྱི་ཡོད། སྐབས་དེ་དུས། ཨ་མས་རྟག་པར་ང་ལ་ཐང་དཀར་གྲོང་ཚོའི་མིང་འདི་ཇི་ལྟར་ཐོགས་པ་ཤོད་ཀྱི་ཡོད།

    སྐབས་དེ་དུས་གྲོང་ཚོའི་ཧྲུའུ་ཅི་ངའི་ནང་ལ་ཡོང་ནས་ནོར་ལུག་ཚང་མ་མཉམ་ལས་ཁང་གི་མ་རྐང་ནང་འཇོག་འདོད་ཡོད་དམ་ཞེས་འདྲི་སྐབས“ང་ཚོ་ཐང་དཀར་གྲོང་ཚོའི་ཁྱིམ་ཚང་ཚང་མར་ནོར་ལུག་ཡོད། ང་ཚོས་སེམས་མཐུན་ཤུགས་སྒྲིལ་སྒོས་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་ནས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་མཉམ་དུ་ཕྱུག་འགྱུར་ལམ་དུ་བསྐྱོད་ན་མི་ལེགས་སམ། ང་ཚོ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་མཉམ་ལས་ཁང་ཡག་པོ་གཉེར་ཐུབ་ངེས་ཡིན། གལ་ཏེ་གཉེར་སྐྱོང་ཡག་པོ་མ་བྱུང་ན་ཚང་མའི་ཡིད་ཆེས་སྟོང་ཟད་དུ་བཏང་བ་མ་ཡིན་ནམ”ཞེས་བཤད་པ་དྲན་གྱི་འདུག

    2022ལོ་ནས་བཟུང་། ཐང་དཀར་གྲོང་ཚོས“ཏང་ཀྲི་པུའུ་དང་མཉམ་ལས་ཁང་མཉམ་འབྲེལ”གྱི་བྱ་ཐབས་སྤྱད་ནས་ཡུལ་དེ་གའི་འབྲོག་པ་ཚོའི་གསོ་ཚགས་དང་། ཐོན་སྐྱེད། ལས་སྣོན་སོགས་ཐད་ཀྱི་ལག་རྩལ་སྤྱད་དེ་མཉམ་ལས་ཁང་སླར་ཡང་འཕེལ་རྒྱས་ཡོང་བར་སྐུལ་འདེད་མགྱོགས་པོ་བཏང་བ་དང་། 2021ལོ་ནས་2023ལོའི་བར། ཐང་དཀར་གྲོང་ཚོའི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ལ་ཁྱོན་ཁེ་སྤོགས་སྒོར་ཁྲི་760རག་ཡོད་པ་རེད།

    མཉམ་ལས་ཁང་ཉིན་རེ་བཞིན་སྟོབས་ཆེར་འགྲོ་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། རྒྱུ་མཚན་ནི་ང་ཚོ་ཐང་དཀར་གྲོང་ཚོའི་ནོར་ལུག་ལ་སྔར་བས་ལེགས་པའི་གསོ་ཚགས་ཐོན་ཁུངས་ཡོད་པ་དང་ང་ཚོ་འབྲོག་པ་ཚོར་སྔར་བས་མང་བའི་ཡོང་འབབ་ཡོད་པས་ཡིན།

    ད་ཆ། རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་པ་དང་མཉམ་ལས་ཁང་བཙུགས་པ་དང་བསྟུན་ནས། ང་ཚོའི་གྲོང་ཚོ་རིམ་པའི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ཁོ་ནར་ནོར་ལུག་མགོ་གྲངས་9300ཟིན་ནས་གཞི་ཁྱོན་ངེས་ཅན་ལྡན་པ་དང་། གྲོང་ཚོས་ད་དུང་འབྲོག་ལས་ཀྱི་མཆེད་སྐྱེད་རྣམ་གྲངས་གསར་སྤེལ་ཤུགས་ཆེན་བྱས་པས་ང་ཚོའི་ཡོང་འབབ་ཡོང་ཁུངས་མང་དུ་ཕྱིན་ཡོད།

    ང་རང་མཉམ་ལས་ཁང་གི་ཕྱུགས་རྫི་ཡིན་པས་གླ་ཕོགས་བརྟན་པོ་རག་ནས་ནང་མི་ཚོའི་འཚོ་བར་འགན་ལེན་བྱུང་། ལོ་མཇུག་ཏུ་སླེབས་སྐབས་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་འདུག་པས་འཚོ་བ་དངོས་འབྲེལ་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན།

    དེས་མ་ཟད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ང་ཚོའི་མཉམ་ལས་ཁང་རྫོང་ཚན་རྩལ་ཆེད་མངགས་ཚོགས་པ་དང་ཁ་གཏད་སྦྲེལ་མཐུད་བྱས་པས། མཉམ་ལས་ཁང་ལ་རོགས་སྐྱོར་ཡོད་པ་མ་ཟད་ད་དུང་ནོར་ལུག་གི་རྒྱུད་པ་གསར་པ་དང་ལག་རྩལ་གསར་པ་ཡང་ནང་འདྲེན་བྱས་ཡོད། ཆ་སྒྲིག་རོགས་ཁྲིད་ཀྱི་བྱེད་སྟངས་བརྒྱུད་ཡུལ་དེ་གའི་ཤེས་ལྡན་པར་མཛུབ་ཁྲིད་དང་གསོ་སྐྱོང་བྱས་པ་དང་། གཞན་ཡང་ནོར་གནག“རྩྭ་ཐང་དུ་འཚོ་བ་+གཟན་ཆས་སྟེར་བའི”ནུས་ཆེའི་གསོ་ཚགས་ལག་རྩལ་དཔེ་སྟོན་ཁྱབ་གདལ་རྟེན་གཞི་ཡང་བཙུགས་ནས། ནོར་གནག་གསོ་ཚགས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། ཚན་རྩལ་ཆེད་མངགས་ཚོགས་པའི་དགེ་རྒན་གྱི་རོགས་རམ་དང་རང་སྦྱོང་བྱས་པ་བརྒྱུད། གསོ་ཚགས་སྐོར་གྱི་ཤེས་བྱ་མང་པོ་ཤེས་སོང་། ད་ཆ། ནོར་གནག་གསོ་ཚགས་བྱེད་པར་གསོ་ཚགས་ལག་རྩལ་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་ཟིན་དགོས་པ་མ་ཟད། ད་དུང་དེང་རབས་ཅན་གྱི་ལག་ཆར་བརྟེན་ནས་མི་ཤུགས་གྲོན་ཆུང་བྱས་ཏེ་གནོན་ཤུགས་ཀྱང་ཆུང་དུ་གཏོང་དགོས། ཕྱོགས་གཞན་ཞིག་ནས། ཚན་རིག་དང་མཐུན་པའི་འཚོ་བཅུད་གྲུབ་ཆ་ལྟར་ང་ཚོས་གཟན་རྩྭ་དང་གཟན་ཆས་བསྐྱར་སྡེབ་བྱས་ནས། ཐོན་རྫས་སྔར་བས་སྤུས་ལེགས་དང་འཚོ་བཅུད་སྔར་བས་ལེགས་པའི་འགན་ལེན་བྱེད་ཀྱི་ཡོད།

    ཉིན་ཤས་གོང་། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀེན་མིང་ཅེ་ང་ཚོའི་མཉམ་ལས་ཁང་དུ་ཡོང་ནས“ཤང་སྲིད་གཞུང་གིས་ཕ་ཕྱུགས་དང་བྱ་ཕོ(མཚོ་སྔོན་ས་མཐོའི་བོད་ལུག)ཐོན་སྐྱེད་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་དམ་འཛིན་བྱ་གཞིར་བྱས་ནས་ཐང་དཀར་ལུག་གི་སྤུས་རྟགས་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས། ཁྲོམ་རར་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ། འབྲོག་པ་དེ་བས་མང་བ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད་པས་ང་ཚོའི་ཡིད་ཆེས་སྔར་བས་འཕེལ་སོང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།