དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང(འབྲོག)པའི་དཔེ་ཁང་གིས་ན་ནིང་དཔེ་དེབ་ཁྲི་28ལྷག་ཙམ་ཁ་སྣོན་དང་གསར་བརྗེས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-21

    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་སན་ཧོ་གྲོང་རྡལ་བདེ་སྐྱིད་ཁྱིམ་གཞིས་ཁུལ་ཆུང་གི་ཞིང་པའི་དཔེ་ཁང་གི་ལས་དོན་མི་སྣས་དཔེ་དེབ་རླངས་འཁོར་ནས་འབེབས་པ་དང་། ཐུམ་སྒྲིལ་བཤིག་པ། གྲངས་ཀ་རྒྱག་པ། ཐོར་བཅུག་པ། དཔེ་སྒྲོམ་ཐོག་སྒྲིག་པ་བཅས་བྱས་ནས་མཐའ་མའི་དཔེ་དེབ་ཁག་དམིགས་སར་བསྐྱལ་རྗེས། མཚོ་སྔོན་ཞིང་ཆེན་གྱི་2023ལོའི་ཞིང(འབྲོག)པའི་དཔེ་ཁང་གི་དཔེ་དེབ་ཁ་སྣོན་དང་གསར་བརྗེས་ཀྱི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

    གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་རྣམ་གྲངས་ཤིག་ཡིན་པའི་ཞིང(འབྲོག)པའི་དཔེ་ཁང་གིས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་རིག་གནས་བྱང་ཚད་མཐོ་རུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་རོགས་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། 2023ལོར་ཞིང་ཨུད་དྲིལ་བསྒྲགས་པུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན》(བོད་ཡིག་པར་གཞི)དང་། 《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས》 《དུས་རབས་གསར་པའི་ཀྲུང་གོ་ཤེས་རྟོགས་བྱེད》སོགས་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་ཁག་གཅིག་ས་གནས་ཁག་གི་དཔེ་དེབ་ཁང་དུ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། མང་ཚོགས་རྣམས་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་དང་དཔེ་ཀློག་དང་སློབ་སྦྱོང་གི་བྱེད་སྒོ་སྒྲིག་འཛུགས་བྱས་པ་མ་ཟད། དགོངས་པ་སློབ་སྦྱོང་དང་། རྩལ་ནུས་འཕེལ་བ། ཐོན་སྐྱེད་ལ་དམ་འཛིན། འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲོང་གསེབ་དང་འབྲོག་ཁུལ་དུ་དོན་འཁྱོལ་གཏིང་ཟབ་དང་དེར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།