དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་དངུལ་ནང་ནས་སྒོར་དུང་ཕྱུར་3.85བཏོན་ཏེ།

    གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་བྱེད་རྒྱུ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་གང་ལེགས་མཚོན་ཆེད། ཉིན་ཤས་གོང་། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་དངུལ་ནང་ནས་སྒོར་དུང་ཕྱུར་3.85བཏོན་ཏེ། 2024ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚམས་འདྲིའི་བྱེད་སྒོ་སྤེལ་བར་སྤྱོད་རྒྱུ་རེད། ཀྲུང་དབྱང་རྩ་འཛུགས་པུས་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་པས། འཚམས་འདྲི་བྱེད་པའི་བརྒྱུད་རིམ་དེ་ནུས་སེམས་གཅིག་སྒྲིལ་དང་། སྙིང་སྟོབས་རབ་འཕེལ། ལས་དོན་ལ་སྐུལ་འདེད་བཅས་ཀྱི་བརྒྱུད་རིམ་ལ་འགྱུར་ཡོད། རིམ་ཁག་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱིས་ལྷན་སྦྱར་མ་དངུལ་དོན་འཁྱོལ་བྱས་ནས་ཞིབ་རྩིས་རྒྱག་མཁས་པོ་མཐའ་འཁྱོངས་དང་མ་དངུལ་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། དཔྱིད་གསར་དུས་ཆེན་གོང་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།