དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2023ལོར་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.2ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    2023ལོར་རྒྱལ་ཡོངས་ཀྱི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.2ཡན་ཟིན་པ།

    2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་རྩིས་འཐེན་དངུལ་སྒོར་དུང་ཕྱུར་ཁྲི་1.85ལོངས་སྤྱོད་བྱ་རྒྱུའི་རེ་ཞུ་བྱས་པ།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ནང་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.2ལྷག་ཙམ་ཟིན་ནས་ཁྲོམ་རའི་སྔོན་དཔག་བརྟན་པོ་དང་། ཁྲོམ་རའི་གདེང་ཚོད་འཕེལ་བ། ཁྲོམ་རའི་གསོན་ཤུགས་འཕེལ་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ལོ་ཧྲིལ་པོར་ཁྲལ་གྲོན་སྣ་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་31.7བྱུང་ནས་ནོར་ཤུགས་འགན་ལེན་གྱི་རྨང་གཞི་བརྟན་དུ་ཕྱིན་ཡོད།

    གསར་གཏོད་ལ་རྒྱབ་སྐྱོར་བྱས་ཏེ་སླར་ཡང་ཤུགས་སྣོན་བརྒྱབ་ཅིང་། 2023ལོར་རྒྱལ་ཁབ་ཀྱིས་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་གྱི་མ་རྩ་འཇོག་ཤུགས་ཆེ་རུ་གཏོང་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་རྒྱུན་ཆད་མེད་པར་འདོན་རྒྱུའི་ལྕག་སྐུལ་བྱས་པ་རེད། ཁེ་ལས་ཀྱི་ཐོབ་ཁྲལ་སྔོན་འཇལ་སྙན་ཞུའི་གྲངས་གཞི་ལས་མངོན་པར། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་རྩིས་འཐེན་དངུལ་སྒོར་དུང་ཕྱུར་ཁྲི་1.85ལོངས་སྤྱོད་ཐུབ་པའི་རེ་ཞུ་བྱས་པ་དང་དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་ཕན་པ་ཆེ་ཤོས་ཐོབ་པ་དང་རྩིས་འཐེན་སྲིད་ཇུས་ལོངས་སྤྱོད་བྱས་པའི་དངུལ་གྲངས་ཀྱིས་58.9%བཟུང་ཡོད།

    སྲིད་ཇུས་ཁྱབ་གདལ་བཏང་ནས་ཕན་འབྲས་ཆེ་རུ་ཕྱིན་ཞིང་། ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གྲངས་གཞི་ཆེ་མོའི་ལེགས་ཆ་འདོན་སྤེལ་བྱས་ནས་ལས་རིགས་མི་འདྲ་བ་དང་། ཁེ་ལས་ཀྱི་རིགས། མི་སྣའི་ཐོབ་ཐང་སོགས་ཀྱི་ཆ་འཕྲིན་གཞིར་བཟུང་ཁྲལ་བསྡུའི་སྲིད་ཇུས་དང་བེད་སྤྱོད་བྱ་ཡུལ་ལ་རིག་ནུས་སྙོམས་སྒྲིག་བྱས་ནས་ཆ་རྐྱེན་དང་འཚམ་པའི་ཁེ་ལས་ལ་དུས་ཐོག་ཏུ་རང་ངོས་ཀྱི་དགོས་མཁོ་དང་འཚམ་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་འགན་ལེན་བྱས་ཡོད། 2023ལོའི་ཟླ་བདུན་པ་ནས་བཟུང་རིམ་རྩིས་བརྒྱབ་ན་དུད་ཚང(མི)ཐེངས་དུང་ཕྱུར་6.7ལ་ཁྱབ་གདལ་བཏང་ཡོད།

    ཞབས་ཞུ་ལེགས་སུ་བཏང་ནས་དཀའ་གནད་བསལ་ཞིང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཡག་པོ་མེད་པའི་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་རེ་ཞུར་དམིགས་ཏེ་ཁེ་ལས་ཀྱི་འདོད་བློར་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁྲལ་བསྡུའི་གྲངས་གཞི་ཆེ་མོ་སྤྱད་ནས་ཁེ་ལས་ལ་འབྲེལ་ལམ་བཙུགས་ཏེ་ལོ་ཧྲིལ་པོར་ཁྱོན་ཁེ་ལས་ལ་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་213མངོན་འགྱུར་ཡོང་བར་བྱས་ཡོད། ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས“དངུལ་ཁང་དང་དཔྱ་ཁྲལ་མཉམ་འགུལ”བྱེད་ཟབ་ཏུ་བཏང་བ་དང་། དངུལ་ཁང་འབྲིང་ཆུང་ཞུགས་པའི་ཆ་རྐྱེན་སྔར་བས་དམའ་རུ་བཏང་བ། ལོ་ཧྲིལ་པོར་ཕྲན་ཚེགས་ཁེ་ལས་ལ་དངུལ་ཁང་གི་དངུལ་བུན་སྒོར་ཁྲི་892.8རག་ཐབས་བྱས་པ་དང་དངུལ་བུན་སྒོར་དུང་ཕྱུར་ཁྲི་2.84བཏང་ཡོད་པ་རེད།

    གནད་སྨིན་ཤུགས་འདོན་བྱས་ནས་དམངས་འཚོར་ཕན་པ་བསྐྲུན་ཞིང་། སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་དང་གྲོན་འཇལ་ལས་སྒོ་སྤེལ་བའི“དྲ་གཅིག་ཀུན་སྒྲུབ”ཁྱབ་གདལ་བཏང་སྟེ། ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་འཇལ“དྲ་ཐོག་ནས་གཉེར་བ”དང་མི་སྒེར་གྱི་གྲོན་འཇལ“ལག་ཐོགས་ཁ་པར་ནས་གཉེར་བའི”ལས་སྒོའི་གྲངས་འབོར་གྱིས་95%ཡན་བཟུང་བ་དང་། རྒྱལ་ཡོངས་ཀྱི་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དང་སྲིད་དོན་ཞབས་ཞུ་ལྟེ་གནས་3800ལྷག་ཙམ་ནས་སྤྱི་ཚོགས་འགན་བཅོལ་གྱི་གྲོན་འཇལ་ལས་སྒོ་ཚོམས་ཆེན་གཅིག་ནས་ཚང་མ་གཉེར་ཐུབ་ཀྱི་ཡོད་པ་རེད། མི་སྒེར་གྱི་ཐོབ་ཁྲལ་གྱི་ཕྱོགས་བསྡུས་ཐོབ་ཆ་བསྡོམས་རྩིས་བརྒྱབ་ནས་སྔོན་ལ་ཁྲལ་སློག་བྱས་པ་དང་། “རྒན་འཁོགས་དང་བྱིས་པ་ཡོད་པ”དང་སྨན་པ་བསྟེན་པར་དཀའ་ངལ་ཡོད་པའི་ཁྲལ་འཇལ་མཁན་ལ་མགྱོགས་མྱུར་ཁྲལ་སློག་གི་ཁེ་འབབ་སྔོན་ལ་འགན་ལེན་བྱས་པས་མི་ཁྲི་3384.5ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།