དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ལམ་ལུཌ་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ཁག་47ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཚོང་དོན་པུས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་47གཅིག་སྡུད་ཁྱབ་བསྒྲགས་བྱས་པའི་ནང་ཁག་ལྔ་པའི“ལག་ལེན་དཔེ་མཚོན་ཡག་ཤོས”23དང་ཁག་གསུམ་པའི་སྡེ་ཚན་གྱིས་ཁྱབ་གདལ་བཏང་བའི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཉམས་མྱོང་ཁག་24ཚུད་ཡོད་པ་དེ་དག་ས་གནས་ཁག་གིས་འབྲེལ་ཡོད་ཁྱབ་ཁོངས་ནང་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ལས་དོན་ཁྲོད་དཔྱད་གཞིར་འཛིན་ནས་ཁྱབ་གདལ་གཏོང་བར་མཁོ་འདོན་བྱས་ཡོད།

    “ལག་ལེན་གྱི་དཔེ་མཚོན་ཡག་ཤོས”23གྱི་ནང་གཙོ་བོ་ཚོང་དོན་སྟབས་བདེ་ཅན་གྱི་ཁྱབ་ཁོངས་དང་། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་གྱི་ཁྱབ་ཁོངས། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་འགན་ལེན་གྱི་ཁྱབ་ཁོངས། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོགས་ཕྱོགས་4ཚུད་ཡོད། དེའི་ནང་རྒྱལ་སྒྲོལ་གློག་རྡུལ་ཚོང་དོན་གྱི་ཕྱིར་གཏོང་ཚོང་ཟོག་ཕྱིར་སློག་གི“གཅིག་འཐུས་རྣམ་པའི”ལྟ་འདོམས་ཀྱི་རྣམ་པ་གསར་པ་དང་། ཁེ་ལས་ཆོག་འཐུས་ལག་ཁྱེར་གཉེར་བ། རྒྱལ་སྒྲོལ་ཚོང་དོན་མ་འཇོག་སྟབས་བདེ་ཅན་གྱི་གཅིག་སྡུད་གསར་གཏོད། ཁེ་ལས་ཆེ་མོའི་སྒོ་དབྱེ་གསར་གཏོད་ལྟེ་གནས་ཀྱི་འཆར་གཞི་སོགས་ཞིབ་ཕྲའི་དཔེ་མཚོན་ཚུད་ཡོད།

    སྡེ་ཚན་གྱིས་ཁྱབ་གདལ་བཏང་བའི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཉམས་མྱོང་ཁག་24ཡི་ནང་གཙོ་བོ་ཕྱི་རྒྱལ་གྱི་མ་དངུལ་མཇུག་འཐུས་དང་། ཚན་རྩལ་གསར་གཏོད། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩ་སོགས་ཁྱབ་ཁོངས་5གཅིག་སྡུད་བྱས་པའི་ནང་། ཕྱི་དངུལ་མཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཉུང་གཏོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཐོག་གི་རྩེར་སོན་གྱི་ཞིབ་སྤེལ་སྒྲིག་གཞི་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་གསར་གཏོད་བྱེད་པ། རྒྱལ་སྤྱིའི་གྲུ་གཟིངས་ཐོ་འགོད་རིམ་པའི་ནང་འཇུག་པའི་དོ་དམ་གཅིག་སྡུད་གསར་གཏོད་ལ་སྐུལ་འདེད་གཏོང་བ། མ་རྩའི་རྣམ་གྲངས་ཀྱི་ཡོང་འབབ་གཏོང་སྤྲོད་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད།

    མིག་སྔའི་བར། རྒྱལ་ཁབ་རིམ་ངོས་ནས་རིམ་རྩིས་བརྒྱབ་ན་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་349ཁྱབ་གདལ་བཏང་ཡོད་ཅིང་། གྲུབ་འབྲས་དེ་དག་གིས་ས་གནས་ཁག་ཏུ་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྒྱུར་བཅོས་ཀྱི་ཁེ་སྤོགས་མཉམ་སྤྱོད་དང་སྒོ་དབྱེའི་གྲུབ་འབྲས་ཀྱིས་ཀུན་ལ་ཕན་འདོགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།