དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2023ལོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་9.2ལྷག་ཙམ་ཟིན་པ།

    མཐོ་གསར་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་11.3%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་92241ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་89091ཟིན་ཡོད་པ་རེད།

    ཐོན་ལས་དབྱེ་ནས་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1278ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་60745ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་16694ཟིན་པ་དེ་དུས་མཚུངས་ལས་12.2%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཐད་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་13524ཟིན་པ་དེ་དུས་མཚུངས་ལས་0.9%འཕར་ཡོད།

    གློག་སྤྱོད་ཚད་ནི་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆར་བརྟག་ཡོ་བྱད་ཅིག་ཡིན་ཞིང་། 2023ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱིས“རྩེར་སོན་ཅན”ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་ནུས་རྒྱུ་གསར་པའི་ཐོན་རྫས་ཀྱིས“ལྗང་མདོག་ཅན”ལ་སྣེ་ཁྲིད་བྱས་ཡོད། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་ལག་རྩལ་མཐོ་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་11.3%འཕར་བ་དང་འཕར་ཚད་བཟོ་སྐྲུན་ལས་རིགས་ཧྲིལ་པོའི་ཆུ་ཚད་ཀྱི་བརྒྱ་ཆའི་གྲངས་3.9ལས་མཐོ་བ་ཡོད།

    2023ལོར་ཞབས་ཞུའི་ལས་རིགས་ཅུང་མགྱོགས་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་འཕར་བར་འདེགས་སྐྱོར་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྡེབ་ཚོང་དང་སིལ་ཚོང་ལས་རིགས་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན། བཀར་འཇུག སྦྲག་སྲིད་ལས་རིགས་བཅས་ཀྱི་ལོ་ཧྲིལ་པོའི་གློག་སྤྱོད་ཚད་དུས་མཚུངས་ལས་14%ནས་18%བར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།