དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《སྤྱི་ཚོགས་རྩ་འཛུགས་ཀྱི་མིང་བརྡ་དོ་དམ་བྱ་ཐབས》བཀྲམ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    ཉེ་ཆར། དམངས་སྲིད་པུས《སྤྱི་ཚོགས་རྩ་འཛུགས་ཀྱི་མིང་བརྡ་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས། སྤྱི་ཚོགས་རྩ་འཛུགས་ཀྱི་མིང་བརྡ་དོ་དམ་ལ་གཅིག་གྱུར་གྱི་གཏན་འབེབས་བཟོས་པ་དང་2024ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། 《ཐེབས་རྩ་ལྷན་ཚོགས་ཀྱི་མིང་བརྡ་དོ་དམ་གཏན་འབེབས》དང《〈དམངས་གཉེར་ཁེ་ལས་མིན་པའི་ཚན་པའི་མིང་བརྡ་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས〉སྐོར་གྱི་དམངས་སྲིད་པུའི་བརྡ་ཐོ》དེ་དང་དུས་མཚུངས་མེད་པ་བཟོ་རྒྱུ་རེད།

    དམངས་སྲིད་པུའི་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 《བྱ་ཐབས》དེ་ཁྲིམས་བཞིན་ཐོ་འགོད་བྱས་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱོད་པར་འཚམ་པ་དེའི་ནང་སྤྱི་ཚོགས་ཚོགས་པ་དང་། ཐེབས་རྩ་ལྷན་ཚོགས། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་ཚུད་ཡོད། མིག་སྔར་ཐེབས་རྩ་ལྷན་ཚོགས་དང་དམངས་གཉེར་ཁེ་ལས་མིན་པའི་ཚན་པའི་མིང་བརྡ་དོ་དམ་ཐད་ཞིབ་ཕྲའི་གཏན་འབེབས་ཡོད་རུང་། སྤྱི་ཚོགས་ཚོགས་པའི་མིང་བརྡ་ཁྲིམས་འཛུགས་སྔར་བཞིན་མེད་པ་དང་། ད་དུང་ལག་བསྟར་བྱེད་བཞིན་པའི་གཏན་འབེབས་གཅིག་གྱུར་མེད་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་བརྡ་དོ་དམ་སྒྲིག་སྲོལ་དང་། མིང་འདོགས་སྲོལ། བེད་སྤྱོད་ལྟ་འདོམས་སོགས་ཀྱི་གཅིག་གྱུར་གཏན་འབེབས་ཆ་ཚང་པོ་མེད་པས། 《བྱ་ཐབས》འདི་ཉིད་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་བརྡའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་དང་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་འདོགས་རེ་ཞུ་དང་དེ་བཞིན་བེད་སྤྱོད་ཚད་ལྡན་གྱི་དགོས་མཁོ་དངོས་སྐོང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།