དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲ་ཐོག་ཕྱིར་ཚོང་ལས་སྟེགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    གསར་འགོད་པར་ཀྲུང་གོ་མཁོ་འཚོང་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2023ལོའི་ལོ་མཇུག་བར། དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲ་ཐོག་ཕྱིར་ཚོང་ལས་སྟེགས(“832ལས་སྟེགས”)ཀྱི་ཕྱིར་ཚོང་དངུལ་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་ཡོད་པ་རེད།

    “832ལས་སྟེགས”ནི་ནོར་སྲིད་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་མཁོ་ཚོང་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་བསྐྲུན་པ་དང་གཉེར་སྐྱོང་བྱས་ཤིང་། 2020ལོའི་ཟླ་1ཚེས་1ཉིན་དྲ་ཐོག་ནས་སྤྱོད་འགོ་ཚུགས་ཡོད། མིག་སྔར། དབུལ་སྒྲོལ་རྫོང་832ཀྱི་མཁོ་འདོན་ཚོང་པ་ཁྲི་3ཙམ་གྱིས་ཐོ་འགོད་བྱས་ནས་གྲགས་ཅན་སྤུས་ལེགས་ཀྱི་ཁྱད་ལྡན་ཡུལ་ཟོག་རིགས་ཁྲི་40ལྷག་ཙམ་བཙོངས་བ་དང་། དེའི་ནང“832ལེགས་འདེམས”ཀྱི་ཚོང་ཟོག་རིགས་ཁྲི་1ལྷག་ཙམ་ཡོད་པ་དེས་ཞིང་དུད་ཁྲི་320ལྷག་ཙམ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏོང་བར་རམ་འདེགས་ཐུབ་ཡོད། 2023ལོའི་ལོ་མཇུག་བར། ལས་སྟེགས་ཉོ་སྒྲུབ་སྤྱོད་སྣེ་ཀྲུང་དབྱང་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་70ལྷག་ཙམ་གྱི་གཞུང་ཁོངས་ཁེ་ལས་དང་སྔོན་རྩིས་མིན་པའི་ཚན་པ་1000ཙམ་ལ་རྒྱ་སྐྱེད་ཐུབ་པ་དང་། མི་སྒེར་གྱི་སྤྱོད་མཁན་ཁྲི་115ལྷག་ཙམ་གྱིས་ལས་སྟེགས་བརྒྱུད་དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཉོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།