དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་དགུན་ཁའི་གུང་གསེང་རིང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་16གིས་བརྡ་ཐོ་བཀྲམ་ནས། བསམ་བློ་ཁྲིད་སྟོན་ལ་བརྟེན་ནས་བྱིས་པ་སྐྱོང་བ་དང་། ཁྱིམ་ཚང་སློབ་གསོར་བརྟེན་ནས་བྱིས་པར་ཁྲིད་སྟོན། བདེ་འཇགས་སློབ་གསོར་བརྟེན་ནས་བྱིས་པར་སྲུང་སྐྱོང་། གཅེས་སེམས་ལྡན་པའི་ཨ་མས་བྱིས་པར་དྲོ་སྐྱིད་སྦྱིན་པ་བཅས་ཕྱོགས་བཞི་ལ་དམིགས་ནས། 2024ལོའི་དགུན་ཁའི་གུང་གསེང་རིང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་བྱེད་སྒོ་མཉམ་དུ་བཀོད་སྒྲིག་བྱས་ཏེ་སྤེལ་བ་རེད།

    བརྡ་ཐོའི་ནང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“བྱིས་པའི་སེམས་པ་ཏང་ལ་ཕྱོགས”ཞེས་པར་དམིགས་ནས། ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་དང་ཉེ་འགྲམ་གྱི་གསོན་ཉམས་དོད་པའི་སློབ་གཞི་ཡག་པོ་སྤྱད་དེ། ཚད་ལྡན་དཔེ་དེབ་ཀློག་པ་དང་། གསར་བརྗེའི་གནས་རྙིང་ལ་སྐྱོད་པ། ཁྱིམ་སྲོལ་གཏམ་རྒྱུད་གླེང་བ། ཕ་ཡུལ་གྱི་རྣམ་པ་གསར་པར་ལྟ་བ། བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་བ་སོགས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས་པ་དང་། “བྱིས་པས་ལོ་གསར་ལ་རྟེན་འབྲེལ་ཞུ་བར”དམིགས་ནས“སྤྲོ་སྣང་ལྡན་པའི་ཀྲུང་གོའི་ལོའི”བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་དང་། ཁྱིམ་བདག་དང་བྱིས་པ་སྒྲིག་འཛུགས་བྱས་ཏེ་ལོ་གསར་གྱི་ཆ་ཡིག་འབྲི་བ་དང་། ལྒང་བཞུ་བཟོ་བ། ཁྲ་མའི་སྦྱར་རིས་འབྲེག་པ། ལྒང་བཞུའི་གབ་ཚིག་འདྲི་བ། དང་པོའི་བཅོ་ལྔའི་དུས་ཆེན་གཏོང་བ་སོགས་ལོ་གསར་གྱི་རྣམ་པ་ཟབ་མོ་མཚོན་པའི་དམངས་སྲོལ་བྱེད་སྒོའི་ཁྲོད་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཟབ་མོ་མྱོང་རོལ་བྱེད་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།