དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆུ་བེད་པུས་རྒྱལ་ཁབ་ཆུའི་དྲ་བའི་འཆར་འགོད་མ་ལག་འཐུས་ཚང་ཡོང་བར་སྐུལ་འདེད་མགྱོགས་པོ་བཏང་བ།

    ད་ལོའི་རང་རྒྱལ་གྱི་ཆུ་བེད་ལས་གྲྭ་ཆེན་པོ་ཐོག་མ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

     ཟླ་1ཚེས་17ཉིན། ཨན་ཧུའེ་ཞིང་ཆེན་ཐུང་ལིན་གྲོང་ཁྱེར་ཐུང་ཀོན་ཆུས་སུ་འབྲི་ཆུའི་ཐུང་ལིན་གཙང་པོ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་བསྐྲུན་འགོ་ཚུགས་ཤིང་། དེ་ནི་ད་ལོར་རང་རྒྱལ་དུ་སྐྲུན་འགོ་བཙུགས་པའི་ཆུ་བེད་ལས་གྲྭ་ཆེན་པོ་ཐོག་མ་ཡིན་པ་རེད།

    འབྲི་ཆུའི་ཐུང་ལིན་གཙང་པོ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ནི་རྒྱལ་ཁབ་ཀྱི་ཆུ་བེད་ལས་གྲྭ་ཆེན་པོ་150ཡི་གྲས་ཤིག་ཡིན་ལ། ལག་བསྟར་ཆོག་འཐུས་ཀྱི་ཞིབ་འཇུག་སྙན་ཞུའི་མཆན་འགོད་བཀའ་ལན་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་10.1ཟིན་པ་དང་ལས་ཡུན་བསྡོམས་ཟླ་21ཡིན་པ་རེད། འབྲི་ཆུའི་ཐུང་ལིན་གཙང་པོ་དུམ་བུའི་ཡན་ལག་ཆུ་བོ་ཅུང་མང་བའི་ཁར་ཆུ་ལམ་གྱི་གྲུབ་སྟངས་རྙོག་འཛིང་ཆེ་བར་བརྟེན། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་གཞུང་རྒྱུན་ཆུ་ལམ་གྱི་གཙོ་གནད་བཅོས་སྐྱོང་གི་དུམ་བུའི་གྲས་ཤིག་ཡིན། ལས་གྲྭའི་བཅོས་སྐྱོང་ཁྱབ་ཁོངས་ཀྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་59.9ཟིན་པ་དང་། བསྐྲུན་ཟིན་པའི་ངོགས་སྲུང་ལས་གྲྭའི་རྨང་གཞིའི་ཐོག་ཉེན་ཁ་ཆེ་བའི་དུམ་བུར་འགོག་སྲུང་དང་བཅོས་སྐྱོང་བྱས་ཤིང་། ཐུང་ལིན་གཙང་པོ་དུམ་བུའི་ཆུ་རྒྱུན་བརྟན་པོ་ཡོང་བར་འགན་ལེན་དང་། འགྲམ་ངོགས་ཀྱི་ཆུ་ལོག་འགོག་ནུས་ཆེར་གཏོང་། ཤར་གཏོང་ཆ་རྐྱེན་སྲུང་སྐྱོང་བཅས་བྱེད་པར་ནུས་པ་གལ་ཆེན་འདོན་རྒྱུ་རེད།

    ཆུ་བེད་པུས་བཏོན་དོན། 2024ལོར་རྒྱལ་ཁབ་ཆུའི་དྲ་བའི་འཆར་འགོད་མ་ལག་འཐུས་ཚང་ཡོང་བར་སྐུལ་འདེད་མགྱོགས་པོ་བཏང་ནས། ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཆུ་ལོག་འགོག་སྲུང་གི་རྐང་འཛིན་ལས་གྲྭ་ཁག་གཅིག་བསྐྲུན་རྒྱུ་ཡིན་ཞིང་། རྒྱུག་ཁུལ་ཆེན་པོ་བདུན་གྱི་ཆུ་ལོག་འགོག་སྲུང་གི་འཆར་འགོད་བཟོ་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བྱང་ཕྱོགས་ས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་མགྱོགས་སུ་གཏོང་བ། རྒྱལ་བུན་མང་གཏོང་གི་ཆུ་བེད་ལས་གྲྭ་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་པ། གྲངས་འཛིན་གྱི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུ་བེད་ཀྱི་མ་དངུལ་འདུ་གཏོང་སྒྱུར་བཅོས་ཟབ་ཏུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་དངུལ་རྩའི་ཡིད་རྟོན་དངུལ་བུན་བེད་སྤྱོད་ཧུར་ཐག་བྱེད་པ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་ལམ་སྲོལ་གསར་པ་གང་ལེགས་སྤྱོད་པ་བཅས་བྱེད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།