དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་གི་ཚོང་དོན་དང་མ་འཇོག་ལ་འགག་རྩའི་སྟོབས་ཤུགས་བསྣན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡན་ཧོན། ཡུས་ལི་མིན།   |     སྤེལ་དུས།  2024-01-20

    “མིག་སྔར་ཀྲུང་གོ་འདི་ཉིད་ནུས་རྒྱུ་གཞན་སྒྱུར་དང་། རྨང་གཞིའི་འཛུགས་སྐྲུན་གྱི་མ་རྩ་འཇོག་པ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་མང་པོ་ཞིག་གི་སྣེ་ཁྲིད་པར་གྱུར་ཡོད” འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ལས་འཛིན་པ་སཱ་ཏི་ཡཱ·ཀྲ་ཤིས་ཏིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་མུ་མཐུད་སྒུལ་ཤུགས་སྣོན་རྒྱུ་རེད་ཅེས་བརྗོད་པ་རེད།

    འཚོག་བཞིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་2024ལོའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“བསྐྱར་སྐྲུན་ཡིད་ཆེས”ཞེས་པ་དེ་ཡིན་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ནས་ཡོང་བའི་ལས་རིགས་ཁག་གི་འཐུས་མི་2800ལྷག་ཙམ་མཉམ་དུ་འཛོམས་ནས“ཁ་ཕྲལ་གྱི་འཛམ་གླིང་ཁྲོད་བདེ་འཇགས་དང་མཉམ་ལས་མངོན་འགྱུར་བྱེད་པ”དང་། “དུས་རབས་གསར་པར་འབབ་འཕར་དང་ལས་ཞུགས་གཏོད་པ” “མི་ཐབས་རིག་ནུས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ” “ཡུན་རིང་གི་གནམ་གཤིས་དང་། རང་བྱུང་དང་ནུས་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་པ”སོགས་གྲོས་དོན་4ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

    ཀྲ་ཤིས་ཏིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་མང་ཆེ་བའི་ངོས་ནས་བརྗོད་ན། གཏན་འཁེལ་མིན་པའི་རང་བཞིན་ནི་སླད་ཕྱིན་དུས་སྐབས་ཤིག་རིང་གི“འགག་རྩའི་ཚིག”ཞིག་ཏུ་འགྱུར་རྒྱུ་དང་། རྒྱལ་ཁབ་ཁག་གཅིག་གི་དཔལ་འབྱོར་འཕར་ཚད་མངོན་གསལ་དོད་པོས་འགོར་དུ་འགྲོ་རྒྱུ་རེད། རྒྱལ་ཁབ་ཁག་གིས་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་རྩལ་འཕེལ་རྒྱས། ལྗང་མདོག་གཞན་སྒྱུར་སོགས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དོ་སྣང་བྱེད་དགོས་ངེས་རེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ཉིད་དང་འཚམ་པའི་འཕེལ་རྒྱས་གཏོང་སྟངས་ལ་བསམ་གཞིགས་ནན་ཏན་བྱེད་དགོས་ངེས་རེད། དེ་དང་ཆབས་ཅིག་རྒྱལ་གྲོལ་ཀུང་སིས་མ་འཇོག་བྱེད་སྐབས་གློག་རྡུལ་ཚོང་དོན་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་རིམ་སྤོར། ཤེས་ལྡན་པ་གསོ་སྐྱོང་། ལྗང་མདོག་འཕེལ་རྒྱས་སོགས་ལ་དེ་བས་སྣང་ཆེན་བྱེད་དགོས་ངེས་ཡིན་པ་དང་། དེའི་ཐད་ཀྲུང་གོར་མངོན་གསལ་དོད་པའི་ལེགས་ཆ་ལྡན་ཡོད་ཅེས་བརྗོད་པ་རེད།

    ཚེས་15ཉིན་གྱི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག་ད་དུང《དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་གྱི་རྒྱང་ལྟའི་སྙན་ཞུ》གསར་ཤོས་ཁྱབ་བསྒྲགས་བྱས་པ་རེད། ཀྲ་ཤིས་ཏིས་འདི་ལོ་བཅར་འདྲི་དང་ལེན་བྱེད་མཁན་དཔལ་འབྱོར་རིག་པ་མཁས་ཅན་ཁྲོད་56%ཙམ་གྱིས་སྔོན་དཔག་བྱས་ན་འདི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གནས་ཚུལ་ཧྲིལ་པོ་ཉམས་ཞན་དུ་འགྲོ་རྒྱུ་དང་། བཅར་འདྲི་དང་ལེན་བྱེད་མཁན་དཔལ་འབྱོར་རིག་པ་མཁས་ཅན་མང་ཆེ་བས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་དཔལ་འབྱོར་འཕར་བའི་མདུན་ལམ་ལ་དགེ་མཚན་ལྡན་པའི་ལྟ་སྟངས་འཛིན་གྱི་ཡོད། འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་མུ་མཐུད་ན་ནིང་གི་འཕར་ཚད་རྒྱུན་འཁྱོངས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    ཀྲ་ཤིས་ཏིས་ཀྲུང་གོས་བཟོ་སྐྲུན་ལས་རིགས་དང་བསྐྱར་སྐྱེས་ནུས་རྒྱུའི་ལག་རྩལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་དོན་སླར་གསོར་སྐུལ་འདེད་ཤུགས་ཆེན་བཏང་བས་དཔལ་འབྱོར་འཕར་བར་བྱེད་པའི་བྱེད་ཐབས་རབ་དང་རིམ་པས་ནུས་པ་འདོན་འགོ་ཚུགས་པ་དང་འབྲེལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་བྱུང་བ་དེས་འཛམ་གླིང་གི་ས་ཁུལ་གཞན་དག་ལ་དགེ་མཚན་ལྡན་པའི་ཕན་ནུས་ཐོན་རྒྱུ་རེད། གཞན་ཡང་ལྗང་མདོག་འཕེལ་རྒྱས་ཐད་ཀྲུང་གོས་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་འབྲེལ་ཕྱོགས་མང་མཉམ་ལས་ལ་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྣེ་ཁྲིད་པ་གསར་པའི་ལོ་ཚོགས་གཉེར་བཞིན་ཡོད” ཀྲ་ཤིས་ཏིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོས“འཛམ་གླིང་ཚོང་དོན་དང་མ་འཇོག་ལ་འགག་རྩའི་སྟོབས་ཤུགས་བསྣན་ཡོད”འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཀྲུང་གོ་དང་དེ་བས་རྒྱ་ཁྱབ་དང་གཏིང་ཟབ་ཀྱི་མཉམ་ལས་མུ་མཐུད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།