དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་ལུགས་རྙིང་ལོའི་འབྲུག་ལོའི་སྦྲག་རྟགས་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། མཉམ་འབྲེལ་རྒྱལ་ཚོགས་སྦྲག་སྲིད་དོ་དམ་ཅུས་ཀྱིས་ཉིའུ་གཡོད་དུ་ཀྲུང་གོའི་ལུགས་རྙིང་ཤིང་འབྲུག་ལོའི་དམིགས་བསལ་གྱི་སྦྲག་རྟགས་ཏེ། འབྲུག་ལོ་པའི་སྦྲག་རྟགས་འགྲེམས་སྤེལ་བྱས་ནས་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་འཆར་བར་རྟེན་འབྲེལ་ཞུ་རྒྱུ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སྦྲག་སྲིད་དོ་དམ་ཅུས་ཀྱིས་2010ལོའི་ཟླ་5པར་ཀྲུང་གོའི་ལོ་རྟགས་ནང་དོན་དུ་བྱས་པའི་སྦྲག་རྟགས་ཐོག་མར་འགྲེམས་སྤེལ་བྱས་ནས་2021ལོ་བར་རེས་སྐོར་དང་པོའི་ལོ་རྟགས་12ཀྱི་སྦྲག་རྟགས་འགྲེམས་སྤེལ་ཟིན་ཡོད། 2024ལོའི་འབྲུག་ལོ་པའི་སྦྲག་རྟགས་ནི་རེས་སྐོར་གཉིས་པའི་ལོ་རྟགས་ཀྱི་སྦྲག་རྟགས་3པ་དེ་ཡིན་ཞིང་། དེར་མུ་མཐུད་རེས་སྐོར་གཉིས་པའི་ལོ་རྟགས་ཀྱི་སྦྲག་རྟགས་ཇུས་འགོད་ཀྱི་ཁྱད་ཆོས་ལྡན་ཡོད།

    འབྲུག་ལོ་པའི་སྦྲག་རྟགས་མཉམ་འབྲེལ་རྒྱལ་ཚོགས་སྦྲག་སྲིད་དོ་དམ་ཅུས་ཀྱི་དྲ་ངོས་ནས་མི་སྒེར་གྱིས་མངགས་ཉོ་བྱེད་ཆོག་པ་དང་། གཡོན་ངོས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་པའི་མཚོན་རྟགས་གྱི་ཚབ་ལ་མི་སྒེར་གྱི་པར་སྤྱད་ན་ཆོག

    མཉམ་འབྲེལ་རྒྱལ་ཚོགས་སྦྲག་སྲིད་དོ་དམ་ཅུས་ཀྱིས་ཨ་རིའི་ཉིའུ་གཡོད་དང་། སུའེ་ཙེར་གྱི་རི་ནེ་ཝ། ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་བཅས་སོ་སོར་ཨ་སྒོར་དང་། སུའེ་ཙེར་གྱི་ཧྥ་ལང་། ཡོ་རོབ་ཀྱི་སྒོར་མོ་བཅས་ཀྱི་དངུལ་ཐང་སྦྲག་རྟགས་རིགས་གསུམ་འགྲེམས་སྤེལ་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།