ཐེན་ཅིན་གྲུ་ཁའི་མེ་གླིང་ལྷོ་མར་སྐྱོད་པའི་གྲུ་གཟིངས་ཐོག་མ་ཤར་གཏོང་ཐུབ་པ།
ཟླ་1ཚེས་16ཉིན་གྱི་དགོང་མོར། མེ་གླིང་ལྷོ་མའི་ཁྲེ་ལི་ཙེ་བླུགས་པའི་དོས་སྒམ་གྱི་དུས་གཏན་གྲུ་གཟིངས་ཆེ་གྲས“པཱ་ཧོ”རྟགས་ཅན་ཐེན་ཅིན་གྲུ་ཁར་འབྱོར་བ་དང་བསྟུན་ནས་ཐེན་ཅིན་གྲུ་ཁའི་མེ་གླིང་ལྷོ་མར་སྐྱོད་པའི་གྲུ་གཟིངས་ཐོག་མ་དངོས་སུ་ཤར་གཏོང་ཐུབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གྲུ་གཟིངས་ཐོན་ས་ནི་ཆི་ལིའི་ཧྲེང་ཨན་ཏུང་ཉི་ཨའོ་གྲུ་ཁ་ཡིན་པ་དང་། ཟོག་འདྲེན་གྲུ་གཟིངས་ཐོག་མ་ཡིན་པའི“པཱ་ཧོ”རྟགས་ཅན་ནང་ཁྲེ་ལི་ཙེ་ཏུན་2500ཙམ་བླུགས་ཡོད་པ་རེད།
འདི་ནི་དོས་སྒམ་གྱི་དུས་གཏན་གྲུ་གཟིངས་ཆེ་གྲས“པཱ་ཧོ”རྟགས་ཅན་ཐེན་ཅིན་གྲུ་ཁའི་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱལ་སྤྱིའི་དོས་སྒམ་གྱི་གྲུ་ཁར་ཁ་བཀག་ཡོད་པ།