དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རུ་ཁག་གིས་འཁྱག་ལྡིར་གྱི་སྐྱེས་པའི་གཞོན་ནུ་ཚོགས་ཆུང་གི་ཨང་གཉིས་པ་བླངས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འཁྱག་ལྡིར་གྱི་གཞོན་ནུ་ཚོགས་ཆུང་གི་སྐྱེས་པའི་འགྲན་བསྡུར་ནང་། མཚོ་སྔོན་རུ་ཁག་གིས་ཕ་རོལ་ལས་བསྟུད་མར་རྣམ་པར་རྒྱལ་ཏེ་མཐའ་བསྡུར་ནང་ཚུད་ཅིང་། ཚེས་17ཉིན་གསེར་གྱི་རྟགས་མ་བརྩོན་ལེན་གྱི་འགྲན་བསྡུར་ནང་། མཚོ་སྔོན་རུ་ཁག་4བསྡུར་8ཀྱི་ཐོག་ནས་ཐེན་ཅིན་རུ་ཁག་ལས་ཕམ་ཀྱང་། རུ་མི་ཚོས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད་རང་ཉིད་ཀྱི་ཆུ་ཚད་བཏོན་ནས་ཨང་གཉིས་པ་བླངས་ཡོད། འདི་ནི་མཚོ་སྔོན་རུ་ཁག་གི་བདམས་ཐོན་པ་ཞུས་ཤིན(གཡོན)གྱིས་རུ་མི་དང་མཉམ་དུ་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།