དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་སྤེལ་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་སྤེལ་ཚོགས་འདུ། ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ལས་ཀའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད། ཞིང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་གཡོད་ཞ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་གཏོང་བར“གང་ཞིག་དམ་འཛིན་བྱེད་དགོས་པ”དང“སྐུལ་འདེད་ཇི་ལྟར་གཏོང་དགོས་པ”ཁ་གསལ་བཟོ་བ་དང་ལས་དོན་སྒྲུབ་པའི་བསམ་ཕྱོགས་གསལ་པོ་བཟོས་ནས་ལས་ཀའི་གཙོ་གནད་ལ་དམ་འཛིན་བྱེད་དགོས། སྲ་ཞིང་བརྟན་པའི་དམག་འཐབ་ཀྱི་མཁར་རྫོང་བསྐྲུན་ནས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། རྗེས་གྲབས་སྟོབས་ཤུགས་སྐྱེད་སྲིང་དང་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་དག་ཐེར་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་རྨང་རྡོ་བརྟན་དུ་གཏོང་དགོས། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་དངོས་འཐབ་ནུས་པ་ཆེ་རུ་གཏོང་བ་དང་། ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་སྡོད་ལས་བྱེད་པའི་སྟོབས་ཤུགས་གསར་པའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤང་དང་གྲོང་རྡལ་གྱི་དབང་ཆ་ཆེ་རུ་དང་ནུས་པ་འདོན་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་སེམས་ཆགས་ཐབས་དང་མི་སྣ་འགུག་ཐབས་ཀྱི་སྲིད་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། ཐོན་ལས་དང་ཤེས་ལྡན་པའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཕུལ་བྱུང་ཤེས་ལྡན་པ་གདན་འདྲེན་དང་གསོ་སྐྱོང་བྱེད་པ། ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ངར་ཤུགས་ཆེན་པོས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་གོང་དཔེ་འོག་སྟོན་དང་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་ཀའི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་ཀའི་སྤུས་ཚད་དང་ཕན་འབྲས་ལ་འགན་ལེན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།